དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • “ནད་གཞི་སྨན་བཅོས་བྱེད་ཐུབ་པ”ནས“སྨན་བཅོས་ཡག་པོ་བྱེད་ཐུབ་པའི”བར།

    རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་སྤུས་ལེགས་རིམ་སྤོར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-27

    ཉེ་ཆར། གསར་འགོད་པར་2026ལོའི་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར། རང་ལྗོངས་ཀྱི་རྫོང་རིམ་པའི་རོགས་སྐྱོར་བྱ་ཡུལ་སྨན་ཁང་བདུན“ཀ་པ་རིམ་པ་གཉིས་པའི་སྨན་ཁང”དུ་བདེ་བླག་ངང་བསྐྲུན་པ་དང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པའི་སྨན་ཁང”དུ་བདེ་བླག་ངང་བསྐྲུན་ནས་གྲོང་ཁྱེར(ས་ཁུལ)བདུན་དུ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་ཡོངས་ཁྱབ་ཐུབ་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་གྲོན་དངུལ་སྒོར་120བར་མང་དུ་བཏང་བ་དང་། སྒོ་བསྟེན་སྨན་བཅོས་ཀྱི་སྔོན་སྤྲོད་མ་དངུལ་ཕྱོགས་ཡོངས་ནས་མེད་པར་བཟོས་པ། བུ་གསོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་4དོན་འཁྱོལ་བྱས་པར་མང་ཚོགས་ཁྲི་11.8ལ་ཕན་པ་ཐོབ་པ། “རྣམ་གྲངས་གཉིས”ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི་9414དོན་འཁྱོལ་བྱས་པར་མི་ཁྲི་5ལྷག་ཙམ་ལ་ཁྱབ་པ་དང་། མི་ཐེངས་ཁྲི་50ལྷག་ཙམ་ལ“འབྲས་སྐྲན་གཉིས”དབྱེ་བཤེར་བྱས་པ་རེད།

    ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ཞིང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་སྒྱུར་བཀོད་རིམ་སྤོར་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་1.9བཏང་བ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་རྒྱལ་ཁབ་ཀྱི་ས་མཐོའི་ནད་གསོ་རིག་ལྟེ་གནས་ལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཕྱོགས་བསྡུས་དཔྱད་དཔོག་ཚད་གཞི་ལོན་པ་དང་། ལྗོངས་ཡོངས་ཀྱི་གཤགས་བཅོས་དང་སྐྲན་ནད་ལྟེ་གནས་ཐོག་མ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་2ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)ནས་2025ལོའི་ཟླ་6ཚེས་20ཉིན་ནས་བཟུང་དངོས་སུ་སྨན་བཅོས་བྱེད་འགོ་ཚུགས་པ། གྲོང་ཁྱེར(ས་ཁུལ)བདུན་གྱི་མི་དམངས་སྨན་ཁང་ཚང་མར“ལྟེ་གནས་ཆེན་པོ་ལྔ”བསྐྲུན་པ། ནད་གཞི་ལྗིད་ལ་སྲོག་ལ་ཉེན་ཁ་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་17བསྐྲུན་པ། དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་མཉམ་སྡེབ་ཕྱོགས་ཡོངས་ལ་ཁྱབ་པ། གྲོང་ཁྱེར་དང་རྫོང་གི་འགོས་ནད་འཕྲལ་སྡོམ་ཡན་ལག་རུ་ཁག་ཆུང་ངུ་ཕྱོགས་ཡོངས་ནས་བཙུགས་པ། རྫོང་དང་ཤང་དུ་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུ་ཁྱབ་ཚད་100%ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།