དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི“མཐོ་སློབ་བོད་སྐྱོར་མནའ་འབྲེལ”ཐོག་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    ཉེ་ཆར། ཧུའུ་པེའི་མཐོ་སློབ་དང་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གྲྭ་དང་ས་གནས་མཉམ་ལས་མནའ་འབྲེལ་གྱི་སྐབས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་ཧུའུ་པེ་སློབ་ཆེན་དུ་འཚོགས་ཤིང་། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་དང་། སློབ་གསོ་ཐིང་། ཚན་རྩལ་ཐིང་བཅས་དང་དེ་བཞིན་མཐོ་སློབ་དང་ཚན་ཞིབ་ཁང་27གྱི་འཐུས་མི་མཉམ་དུ་འཛོམས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་རིམ་ངོས་ཀྱི་སྒྲིག་གཞི་ཚང་བའི“མཐོ་སློབ་བོད་སྐྱོར་མནའ་འབྲེལ”ཐོག་མ་དེ་དངོས་སུ་འཁོར་སྐྱོད་དུས་མཚམས་སུ་སླེབས་པ་ཐུན་མོང་ཐོག་བདེན་དཔང་བྱས་ཡོད་ལ། ཧུའུ་པེའི་བོད་སྐྱོར་སློབ་གསོ་དེ་སྔའི་ཁ་ཐོར་རྣམ་པའི་རོགས་སྐྱོར་བྱེད་སྟངས་ནས་ལམ་སྲོལ་ཅན་དང་བརྒྱུད་རིམ་ཅན་གྱི་རམ་འདེགས་བྱེད་སྟངས་གསར་པར་བསྒྱུར་ཏེ། ཕུགས་ཕན་མཉམ་ལས་ཀྱི་ལས་སྟེགས་གཏོད་པ་དང་། བོད་སྐྱོར་གྱི་འདུ་ཤེས“གཞན་བརྟེན”ནས“རང་བརྟེན”ལ་བསྒྱུར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མནའ་འབྲེལ་བྱེད་སྟངས་དེ་2025ལོའི་ཟླ་10པར་འགོ་བཙུགས་ཚུན་བརྒྱུད་རིམ་ལྡན་པའི་མཁོ་སྤྲོད་སྦྲེལ་མཐུད་ལེགས་གྲུབ་བྱུང་ཡོད། ཧུའུ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷོ་ཁའི་ཐོན་ལས་འཁོར་འབྲེལ་ཆེ་གྲས་བདུན་ལ་བརྟག་ཞིབ་བྱས་པ་བརྒྱུད། དགོས་མཁོ་71གསེད་བཀྲོལ་བྱས་ཏེ་མཐར་ཁྱབ་ཁོངས་ཆེ་གྲས་9ལ་ཁྱབ་པའི་སྦྲེལ་མཐུད་ལས་འགན་ཁག་69གྲུབ་ཡོད། མིག་སྔར། ཀྲུང་ནན་མི་རིགས་སློབ་ཆེན་དང་ཧུའུ་པེ་སློབ་ཆེན་སོགས་མཐོ་སློབ་7གྱིས་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་གཞུང་དང་འཐབ་ཇུས་ཀྱི་གྲོས་མཐུན་བཞག་ནས་དངོས་ཚན་ཞིབ་འཇུག་ལས་སྟེགས་39མཉམ་དུ་བསྐྲུན་པ་དང་གཙོ་གནད་དོན་ཚན་74དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། འགག་གསུམ་སློབ་ཆེན་གྱིས་ལྷོ་ཁར་བཅའ་སྡོད་དོན་གཅོད་ཁང་སྔོན་ལ་བཙུགས་པར་སྔོན་དཔག་བྱས་ན་མ་འཇོག་སྒོར་དུང་ཕྱུར་1.3བྱེད་ཐུབ་རེ་ཡོད་པ་རེད། ཧུའུ་པེ་སློབ་ཆེན་དང་ཀྲུང་ནན་མི་རིགས་སློབ་ཆེན་གྱིས་ལྷོ་ཁའི་རིག་གནས་དང་ཡུལ་སྐོར་གཅིག་སྡུད་ཁུལ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བར་རམ་འདེགས་བྱས་ཡོད། ཧུའུ་པེ་རིག་གཞུང་སློབ་གླིང་དང་རང་བྱུང་ཚན་རིག་སློབ་གླིང་གིས་འཕྱོངས་རྒྱས་རྫོང་དང་མཉམ་དུ་ནུས་རྒྱུ་གཙང་མའི་ཞིབ་འཇུག་ལྟེ་གནས་བསྐྲུན་པ་མ་ཟད། མཉམ་ལས་རྣམ་གྲངས་མང་པོ་ཞིག་ཀྱང་གསལ་པོ་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།