དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • 2025ལོར་བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་ཚད་མི་ཁྲི་གཅིག་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོར་བོད་ལྗོངས་འཛིན་གྲྭའི་སློབ་གྲྭ་5གསར་དུ་བཙུགས་པར་ཁྱོན་འཛིན་གྲྭ་578འཛུགས་རྩིས་ཡོད་པ་དང་། ལོར་སློབ་མ་བསྡུ་ཚད་མི་ཁྲི་1ལྷག་ཙམ་ཟིན་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཆར་གཞི་ལྟར་ན་2025ལོར་གསར་དུ་བཙུགས་པའི་བོད་ལྗོངས་འཛིན་གྲྭར་བོད་ལྗོངས་དམའ་འབྲིང་འཛིན་གྲྭ་150གསར་དུ་འཛུགས་རྩིས་ཡོད་པར་ལོ་རེར་སློབ་མ་2000བསྡུ་རྩིས་ཡོད་པ་དང་། བོད་ལྗོངས་མཐོ་འབྲིང་འཛིན་གྲྭ་205གསར་དུ་འཛུགས་རྩིས་ཡོད་པར་ལོ་རེར་སློབ་མ་4500བསྡུ་རྩིས་ཡོད་པ། བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་223གསར་དུ་འཛུགས་རྩིས་ཡོད་པར་ལོ་རེར་སློབ་མ་4000(སློབ་ཁུངས་བོད་ནས་ཡིན་པའི་སློབ་མ་3215དང་སློབ་ཁུངས་མཚོ་སྔོན་ནས་ཡིན་པའི་སློབ་མ་785ཚུད་ཡོད)བསྡུ་རྩིས་ཡོད་པ་རེད།

    2023ལོ་ནས་བཟུང་། བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་2025ལོ་བར་ལོ་གསུམ་བསྟུད་མར་སློབ་མ་མང་དུ་བཏང་བས་ལོའི་སློབ་བསྡུའི་འཆར་གཞིའི་མི་གྲངས་འཕར་ཚད་9.9%ཟིན་པའི་ནང་ཞིང་འབྲོག་པའི་བུ་ཕྲུག་དང་མཐའ་མཚམས་ཀྱི་ས་བབ་མཐོ་བའི་ཁུལ་གྱི་སློབ་མ་70%ཡན་བསྡུས་ཏེ། “འཕར་བ་གསུམ་དང་། ཁྱབ་པ་གསུམ། སྦྲེལ་མཐུད་གཅིག”(སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་སྤྱིའི་གཞི་ཁྱོན་རྒྱུན་མཐུད་འཕར་བ་དང་། ལོ་འཁོར་གྱི་སློབ་མ་བསྡུ་བའི་མི་གྲངས་རྒྱུན་མཐུད་འཕར་བ། འཛིན་གྲྭ་གཉེར་བའི་སློབ་གྲྭའི་གྲངས་འབོར་རྒྱུན་མཐུད་འཕར་བ། མི་རབས་ནས་མི་རབས་བར་བོད་དུ་འཚོ་སྡོད་བྱེད་པའི་མི་རིགས་ཁག་ལ་ཁྱབ་པ། མཐའ་མཚམས་རྫོང་གི་སློབ་མར་ཁྱབ་པ། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གཉེར་ལ་ཁྱབ་པ། འབྲིང་རིམ་ལས་རིགས་འཛིན་གྲྭར་འབྲིང་རིམ་དང་མཐོ་རིམ་ལས་རིགས་སྦྲེལ་མཐུད་གསོ་སྐྱོང་མངོན་འགྱུར་བྱུང་བ)བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།