སྤུ་ཧྲེང་འགག་སྒོ་དང་ལེགས་རྩེ་འགག་སྒོའི་སྤྱི་པའི་འཕྲོད་བསྟེན་གྱི་ལྟེ་བའི་ནུས་པ་འཛུགས་སྐྱོང་གི་ཚད་གཞིར་འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡི་དཔྱད་ཞིབ་བདེ་བླག་བྱུང་བ།
ཉེ་ཆར་སྤུ་ཧྲེང་འགག་སྒོ་དང་ལེགས་རྩེ་འགག་སྒོའི་སྤྱི་པའི་འཕྲོད་བསྟེན་གྱི་ལྟེ་བའི་ནུས་པ་འཛུགས་སྐྱོང་ཚད་གཞིར་འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡི་དཔྱད་ཞིབ་བདེ་བླག་བྱུང་བ་དེ་ཐོག་ནས་འགག་སྒོ་དེ་གཉིས་ལ་རྒྱལ་སྤྱིའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་ལྡན་པ་དང་འགག་སྒོའི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་པ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རིག་ལྡན་འགག་སྒོ་ལས་ཁུངས་འཛུགས་སྐྲུན་དང“རིག་ལྡན་འགག་སྒོའི་རྒྱལ་ཁབ་སྟོབས་ཆེན”གྱི་བྱ་སྤྱོད་དེ་སྤྱིའི་དམ་འཛིན་བྱ་གཞིར་བྱས་ཏེ། འགག་སྒོའི་སྤྱི་པའི་འཕྲོད་བསྟེན་གྱི་ལྟེ་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། མིག་སྔའི་བར་བོད་ཀྱི་སྐམ་ལམ་འགག་སྒོ་4དང་མཁའ་འགྲུལ་འགག་སྒོ་1ཚང་མ་འགག་སྒོའི་སྤྱི་པའི་འཕྲོད་བསྟེན་གྱི་ལྟེ་བའི་ནུས་པ་འཛུགས་སྐྱོང་གི་བླང་བྱ་དང་མཐུན་ཡོད་པས་འགག་སྒྲོལ་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་འགག་སྒོའི་གཉེར་སྐྱོང་ཚན་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱུན་རྣམ་ཅན་དང་ནུས་ཆེའི་མཐུན་སྦྱོར་གྱི་འགག་སྒོའི་འཕྲོད་བསྟེན་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འགག་སྒོ་ཁག་གི་ལྟེ་བའི་ནུས་པ་འཛུགས་སྐྱོང་གི་ཆུ་ཚད་མུ་མཐུད་སྲ་བརྟན་དང་མཐོ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།