དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་རྒྱལ་ཁབ་རིམ་པའི་ཆེད་ལས་ལག་རྩལ་པའི་རྒྱུན་མཐུད་སློབ་གསོའི་རྟེན་གཞི་ཁག་བཅུ་བཞི་པར་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-04

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་12པར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་དོན་ཐིང་གིས《ཆེད་ལས་ལག་རྩལ་པའི་རྒྱུན་མཐུད་སློབ་གསོའི་རྟེན་གཞི་ཁག་བཅུ་བཞི་པ་འཛུགས་རྒྱུའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད། 《བརྡ་ཐོའི》དགོངས་དོན་གཞིར་བཟུང་། ཐའེ་ཡོན་ཚན་རྩལ་སློབ་ཆེན་སོགས་ཚན་པ་20རུ་ཆེད་ལས་ལག་རྩལ་པའི་རྒྱུན་མཐུད་སློབ་གསོའི་རྟེན་གཞི་ཁག་བཅུ་བཞི་པ་འཛུགས་རྒྱུ་ཡིན་ཞིང་། དེའི་ནང་བོད་ལྗོངས་ཀྱི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བདེ་བླག་ངང་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནི་རྒྱལ་ཡོངས་སུ་ལོགས་སུ་བཙུགས་པའི་བོད་ལུགས་གསོ་རིག་སློབ་ཆེན་འབའ་ཞིག་དེ་རེད་ལ། འཛམ་གླིང་ཐོག་མ་ལག་ཆ་ཚང་བའི་བོད་ལུགས་གསོ་རིག་རིག་པའི་མཐོ་རིམ་སློབ་གླིང་འབའ་ཞིག་དེའང་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།