“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་རང་ལྗོངས་ཀྱིས་ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི་3ལྗོངས་ཕྱིར་ལས་ཞུགས་ཐུབ་པར་བྱས་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་དོན་འཁྱོལ་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་། རང་ལྗོངས་ཀྱིས་ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་32648ལྗོངས་ཕྱིར་ལས་ཞུགས་ཐུབ་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོཌ་སྤྱི་སྤུས་ཚད་མཐོ་བའི་ལས་ཞུཌ་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། སྔོན་དཔག་བརྟན་པོ་བཅས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ཡོད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་ཁེ་ལས། དེ་བཞིན་མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར་བཅས་དང་འབྲེལ་མཐུད་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཕྱིར་ལས་ཞུགས་ཀྱི“སྲིད་ཇུས+ཞབས་ཞུ+རིག་གནས”བཅས་ཀྱི་ཕྱོགས་བསྡུས་རྒྱབ་སྐྱོར་མ་ལག་མཉམ་དུ་བཙུགས་ཡོད།
འབྲེལ་ཡོད་གསར་འགྱུར།