དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)2025ལོའི་སྟོན་ཁའི་སློབ་དུས་ཀྱི་གཙོ་དོན་འཛིན་གྲྭ་ཁག་གཉིས་པའི་སློབ་ཐོན་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)2025ལོའི་སྟོན་ཁའི་སློབ་དུས་ཀྱི་གཙོ་དོན་འཛིན་གྲྭ་ཁག་གཉིས་པའི་སློབ་ཐོན་མཛད་སྒོ་ལྷ་སར་འཚོགས་ཤིང་། གཙོ་དོན་འཛིན་གྲྭ་ཁག་གཉིས་པའི་སློབ་མ་ཡོངས་དང་དེ་བཞིན་སློབ་གྲྭའི(སློབ་གླིང)དགེ་རྒན་དང་ལས་བཟོའི་འཐུས་མི་ཁྱོན་230ལྷག་ཙམ་ཞུགས་པ་རེད།

    སློབ་ཐོན་མཛད་སྒོའི་ཐོག་དུས་ཐེངས་37པའི་རྫོང་དང་ཁྲུའུ་རིམ་པའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དང་། དུས་ཐེངས་8པའི་ཤང་དང་ཁོའོ་རིམ་པའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ དུས་ཐེངས་14པའི་ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ དུས་ཐེངས་5པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆེད་དོན་གྲོས་གླེང་འཛིན་གྲྭ་བཅས་ཀྱི་སློབ་མ་205ལ་སློབ་ཐོན(སློབ་མཇུག་སྒྲིལ་བའི)ལག་ཁྱེར་སྤྲད་པ་དང་ཚུའེ་ཀྲན་པིན་སོགས་སློབ་མ་16ལ་ཕུལ་བྱུང་སློབ་མའི་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།