དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་གྱི་མཐོ་སློབ་གསུམ་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    སློབ་གསོ་པུའུ་གཞུང་དོན་ཐིང་གིས་ཉེ་ཆར་ཧྲན་ཏུང་སློབ་ཆེན་དང་། ལྷོ་ནུབ་ནོར་དཔལ་སློབ་ཆེན། ཀྲུང་གོ་མཛེས་རྩལ་སློབ་གླིང་བཅས་བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཚོགས་པའི་ཁོངས་མིའི་མཐོ་སློབ་ཏུ་གཏན་འཁེལ་བྱ་རྒྱུའི་བརྡ་ཐོ་བཀྲམ་པ་རེད། མིག་སྔའི་བར། ཁྱོན་མཐོ་སློབ་14ཡིས་བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་སློབ་གསོའི་བོད་སྐྱོར་ལས་དོན་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན་ཁ་གཏད་རོགས་སྐྱོར་མཐོ་སློབ་ཀྱིས་རིམ་རྩིས་བརྒྱབ་ན། ལས་བྱེད་པ་དང་དགེ་རྒན་500ལྷག་ཙམ་བོད་ལྗོངས་སློབ་ཆེན་དུ་ལས་ཀ་བྱེད་པར་བཏང་བ་དང་། བོད་ལྗོངས་སློབ་ཆེན་གྱི་ལས་བྱེད་པ་དང་དགེ་རྒན་120ལྷག་ཙམ་གནས་སྦྱར་ཟབ་སྦྱོང་བྱེད་པར་དང་ལེན་བྱས་པ་དང་ན་གཞོན་དགེ་རྒན་130ལྷག་ཙམ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་འགྲིམ་རྒྱུ་དང་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།