དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རང་ལྗོངས་ཀྱི་ས་མཐོའི་ལུས་སྨད་ཁྲག་རྩའི་ནད་ཀྱི་སྨན་བཅོས་ལྟེ་གནས་ཐོག་མ་དེ་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-06

    ཉེ་ཆར། ཧུའུ་པེའི་སྨན་བཅོས་བོད་སྐྱོར་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འབྲི་ཆུའི་སློབ་ཆེན་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་སྨན་ཁང་གཉིས་ཀྱིས་རང་ལྗོངས་ཀྱི་ས་མཐོའི་ལུས་སྨད་ཁྲག་རྩའི་ནད་ཀྱི(རྩ་མདུད་ནད་CHIVA)སྨན་བཅོས་ལྟེ་གནས་ཐོག་མ་དེ་སྣེ་གདོང་ཆུས་མི་དམངས་སྨན་ཁང་དུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། ལྟེ་གནས་བཙུགས་པ་དེས་སྔོན་མ་ས་མཐོར་ལུས་སྨད་རྩ་མདུད་ནད་ལྗོངས་ཕྱིར་སྨན་བཅོས་ལ་འགྲོ་དགོས་པའི་དཀའ་ངལ་བསལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེས་རྒྱལ་སྤྱིའི་སྔོན་ཐོན་གྱིCHIVAརྨ་ཆུང་གཤགས་བཅོས་ཀྱི་ལག་རྩལ་བདེ་བླག་ངང་ནང་འདྲེན་བྱས་ནས་ས་མཐོའི་ས་ཁུལ་དུ་ལུས་སྨད་རྩ་མདུད་ནད་ཀྱི“འཕར་རྩར”རྨ་ཁ་ཆུང་ཞིང་དྲག་སྐྱེད་མྱུར་ལ་སོར་འཇོག་ཆ་ལག་ཚང་པོ་ཐུབ་པའི་ལེགས་ཆ་ལྡན་པའི་སྨན་བཅོས་ཇུས་གཞི་བཏོན་ཡོད། མིག་སྔའི་བར། ལྟེ་གནས་དེས་ནད་དཔེ་70ལྷག་ཙམ་ལ་གཤགས་བཅོས་ལམ་ལྷོངས་བྱུང་བ་དང་། གཤགས་བཅོས་བྱས་རྗེས་ནད་པའི་ནད་གཞི་དྲག་སྐྱེད་ཡག་པོ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།