རྒྱལ་ཁབ་ཀྱི་སྤྱི་སྤྱོད་ལོང་ཡིག་དང་ལོང་བའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་གཉེར་འགོ་ཚུགས་པ།
ཟླ་12ཚེས་3ཉིན། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ལོང་ཡིག་དང་ལོང་བའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་ལྷ་སར་གཉེར་འགོ་ཚུགས་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བའི་དཔེ་མཛོད་ཁང་གི་མཐོང་སྒྲིབ་དཔེ་ཀློག་ཁང་གི་འབྲེལ་ཡོད་ལས་དོན་པ་དང་། དམིགས་བསལ་སློབ་གྲྭའི་དགེ་སློབ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལུས་རྩལ་མཐུན་ཚོགས་ཀྱི་འཐུས་མི། མཐོང་སྒྲིབ་ཀློག་པ་པོ་སོགས་མི་30ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན་པ་དང་། སྒྲ་བསྒྱུར་གླིང་ལོང་ཡིག་ཡིག་སྒྱུར་ཀུང་སི་ནས་ཡོང་བའི་ལོང་ཡིག་དགེ་རྒན་བསླབ་པ་རྒན་གྲས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ལོང་ཡིག་དང་ལོང་བའི་བོད་ཡིག་གི་གཞི་རྩའི་གྲུབ་ཆ་དང་། མཚོན་རྟགས་ཀྱི་སྒྲིག་སྲོལ། འབྲི་སྦྱོར་རྩ་བའི་རིགས་པ་བཅས་ལ་གསོན་ཉམས་ལྡན་པའི་དཔེ་སྦྱར་ནས་སློབ་མ་ཚོས་གསལ་པོར་ངེས་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།