དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-27

    ཉེ་ཆར། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། 2025ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས“འབྲོག་ལས་དར་སྤེལ་གཏོང་བའི”དམིགས་ཚད་ལ་དམ་པོར་དམིགས་ཏེ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྒྱུད་རིམ་ལྡན་པར་སྐུལ་འདེད་བཏང་བས་དངོས་ཟོག་འགན་ལེན་དང་། རིམས་འགོག་ཁྱབ་ཚད། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། འཕྲལ་སྡོམ་ཐག་གཅོད་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་འབྲོག་ལས་བདེ་འཇགས་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་ཐུབ་ཡོད།

    དངོས་ཟོག་འགན་ལེན་བྱེད་སྐབས། “སྔོན་བརྡ་གཏོང་བ་དང་། ཚོད་རྩིས་གནད་སྨིན་། རིམ་དབྱེ་བཀོད་གཏོང་། བརྒྱུད་རིམ་ཧྲིལ་པོར་རྗེས་བསྙེགས”བཅས་ཀྱི་ལམ་སྲོལ་བཙུགས་ནས་ལོ་ཧྲིལ་པོར་རིམས་འགོག་སྨན་ཁབ་དང་རིམས་འགོག་དངོས་ཟོག་8700ལྷག་ཙམ་སྤྲད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་གཙོ་བོ་དུས་ཐོག་ཏུ་འབྱོར་བ་བྱས་པ་རེད།

    རིམས་འགོག་ལག་བསྟར་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། དཔྱིད་སྟོན་དུས་སུ་རིམས་འགོག་ལས་དོན་སྤེལ་རིང་། རིམས་འགོག་སྨན་ཁབ་7500ལྷག་ཙམ་སྤྲད་དེ་སྲོག་ཆགས་ཀྱི་རིམས་ནད་གཙོ་བོའི་རིགས་13ལ་སྔོན་འགོག་ཐད་སྤྱད་ཡོད། མིག་སྔའི་བར། ཐུམ་འབུའི་ནད་སོགས་རིམས་འགོག་ཐུབ་ཚད་100%ཟིན་པ་དང་ནོར་ལུག་གི་རྐང་ལག་ཁ་གསུམ་གྱི་ནད་སོགས་གཙོ་གནད་རིམས་འགོག་སྨན་ཁབ་རྒྱག་ཚད་80%ཟིན་ཡོད།

    ལྟ་ཞིབ་ཚད་ལེན་སྔོན་བརྡའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་ཧྲིལ་པོར་རྫོང་དང་ས་ཁུལ་11གི་མི་ཕྱུགས་ཀྱི་རིམས་ནད་ལ་ལྟ་ཞིབ་དང་ནད་དཔེ་མང་པོར་ཞིབ་དཔྱད་ཚད་ལེན་བྱས་ཡོད། དཔྱིད་དུས་རིམས་ནད་འགོག་ཚད་80%ཟིན་ནས་2024ལོ་ལས་མངོན་གསལ་དོད་པོས་འཕར་ཏེ་ལོ་ཧྲིལ་པོར་ས་ཁོངས་རང་བཞིན་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ཐོན་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།