“ལོ་ལྔ་ཚན་བཅུ་བཞི་པར”བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོ་འཕེལ་རྒྱས་མྱུར་པོ་བྱུང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་རང་སྐྱོང་ལྗོངས་ཀྱིས་བྱེད་པོ་སྐྱེད་སྲིང་བྱ་རྒྱུར་དམིགས་ཏེ་ལྗོངས་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་གྲངས་འབོར་མགྱོགས་མྱུར་འཕར་ནས་2024ལོར་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཏེ་གོ་ཆོད་ཀྱི་དུས་ཡུན་ནང་མཐོ་གསར་ལག་རྩལ་ཁེ་ལས་169དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་696ཟིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན། བོད་ཀྱིས་ཁེ་ལས་ལ་བྱ་དགའི་ཁ་གསབ་དངུལ་སྒོར་དུང་ཕྱུར་1.38དོན་འཁྱོལ་བྱས་ཡོད། ཁེ་ལས་ལ་བོད་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་103གྱི་འགན་འཁུར་དུ་བཅུག་པ་དང་དེའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། ནོར་སྲིད་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་1.72རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ཀྱི་ཚན་རྩལ་ལ་སྒོར་དུང་ཕྱུར་3.2གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།