མཚོ་བོད་ས་མཐོར་ས་ངོས་ཀྱི་ཆུ་གསོག་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་10ལས་བརྒལ་བ།
གསར་འགོད་པས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོགས་བསྡུས་འདུས་གྲུབ་ཉེར་སྤྱོད་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་གྲགས་པའི་མཚོ་བོད་ས་མཐོའི་ས་ངོས་ཀྱི་ཆུ་གསོག་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་10ལས་བརྒལ་བ་དེ་ནི་རྨ་ཆུའི་ལོ་200ཡི་རིང་གི་བཞུར་རྒྱུན་བསྡོམས་འབོར་དང་ཧ་ལམ་མཚུངས་ཤིང་། ཆུའི་ཐོན་ཁུངས་མ་ལག་ཆེན་པོ་དེས་འབྲི་ཆུ་དང་། རྨ་ཆུ། ཐ་ལི་མུའུ་ཆུ་བོ་སོགས་འབབ་རྒྱུད་ཡོངས་ཀྱི་ཀྲུང་གོའི་ཆུའི་ཐོན་ཁུངས་ལ་ཞབས་འདེགས་ཞུ་བའི་ཆུ་བོ་གསོ་སྐྱོང་བྱས་པ་མ་ཟད། ཡར་ཀླུང་གཙང་པོ་དང་། རྫ་ཆུའམ་མའེ་ཀུང་གཙང་པོ། རྒྱལ་མོ་རྔུལ་ཆུའམ་སར་ཝུན་གཙང་པོ་སོགས་གཙང་པོ་དང་ཆུ་བོའི་རྒྱུན་བསྐྱངས་ཏེ། རང་རྒྱལ་དང་སྨད་རྒྱུད་ཀྱི་མི་འབོར་དུང་ཕྱུར་20ལྷག་གི་ཆུའི་ཐོན་ཁུངས་འགན་སྲུང་ལ་འདེགས་སྐྱོར་གལ་ཆེན་ཡང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།