དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་དགེ་འོས་སློབ་གླིང་གི“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ”བོད་ཀྱི་ཡན་ཨན་སྙིང་སྟོབས་འགྲེམས་སྟོན་ཁང་དུ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-13

    ཉེ་ཆར། ལྷ་ས་དགེ་འོས་སློབ་གླིང་གིས་སློབ་མ་392སྒྲིག་འཛུགས་བྱས་ནས་བོད་ཀྱི་ཡན་ཨན་སྙིང་སྟོབས་འགྲེམས་སྟོན་ཁང་དུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་བསམ་བློ་ཆབ་སྲིད་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱེད་རིང་གསར་བརྗེའི་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་ཉམས་སུ་མྱངས་ཏེ། གཏིང་ཟབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་གྱི་བག་ཆགས་བཟང་པོ་འཇགས་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་8པར། ལྷ་ས་དགེ་འོས་སློབ་གླིང་ནི་དེ་སྔའི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་རྨང་གཞིའི་ཐོག་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཏེ། བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་ཞུགས་གོང་གི་སློབ་གསོ་སོགས་དངོས་གཞིའི་ཚན་ཁག་གི་ཆེད་ལས་6ཐོག་མར་བཙུགས་པ་དེ་ཐོག་ནས་སློབ་གྲྭ་དེ་ཉིད་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་གཉེར་བའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ་མཚོན་ཡོད། ད་རེས་ཀྱི་བསམ་བློ་ཆབ་སྲིད་ཀྱི་ལག་ལེན་བྱེད་སྒོའི་ཐོག་སློབ་གྲྭ་དེས་བྱང་ཚད་མཐོ་བའི་དགེ་འོས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སློབ་གཉེར་གྱི་དམིགས་ཚད་དང་ཡོངས་སུ་མཐུན་པ་དང་། ཡན་ཨན་སྙིང་སྟོབས་སྒྲོག་ཐག་ཏུ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་བཙུགས་ནས་བསམ་བློ་ཆབ་སྲིད་སློབ་གསོ་དེ་སློབ་ཁང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ནས་སྤྱི་ཚོགས་ཀྱི་ལག་ལེན་བར་སྦྲེལ་མཐུད་ནུས་ལྡན་ཐུབ་པ་དང་དོན་ཐོག་ཏུ་གཏིང་ཟབ་འཁྱོལ་ཐུབ་པར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།