དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • འདམ་གཞུང་རྫོང་གིས་སློབ་ཆུང་སློབ་མའི་བདེ་ཐང་ལ་སེམས་ཁུར་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ཉེ་ཆར། འདམ་གཞུང་རྫོང་མང་ཚོགས་ཚོགས་པ་ལས་དོན་པུའུ་ཡིས་རྫོང་དེའི་སློབ་གསོ་ཅུས་དང་མཉམ་དུ་ལུང་རིང་ཤང་ལྟེ་བའི་སློབ་ཆུང་དུ“ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ནས་འོད་སྣང་གི་ཁེངས་པའི་འབྱུང་འགྱུར་གཏོད”ཅེས་པའི་སློབ་ཆུང་སློབ་མའི་བདེ་ཐང་ལ་སེམས་ཁུར་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣས“ང་རང་གང་ནས་ཡོང་བ་དང་། ལུས་ཀྱི་དབང་པོར་ངོས་འཛིན། ན་སོ་དར་ལ་བབས་དུས་ཀྱི་འགྱུར་ལྡོག རང་ཉིད་ལ་སྲུང་སྐྱོབ་བྱེད་སྟངས”བཅས་ཀྱི་བརྗོད་གཞི་ཆེན་པོ་བཞིར་དམིགས་ནས་འགྲེལ་བཤད་བརྒྱབ་སྟེ། ཕྲུ་གུ་ཚོས་རང་ལུས་ཀྱི་གསང་གནས་ལ་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་དང་མི་གཞན་གྱི་ལུས་པོར་བརྩི་འཇོག་བྱེད་པའི་འདུ་ཤེས་འཇགས་པར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།