བོད་ལྗོངས་འཛིན་གྲྭ་གཉེར་ནས་ལོ་ངོ་40འཁོར་བའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།
ཉིན་ཤས་གོང་བོད་ལྗོངས་འཛིན་གྲྭ་གཉེར་ནས་ལོ་ངོ་40འཁོར་བའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སློབ་གསོ་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། མི་སྤྱི་པུའུ་སོགས་ཀྲུང་དབྱང་པུའུ་ཨུད་ཀྱི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བློ་མཐུན་མཛུབ་ཁྲིད་གནང་བར་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་། བོད་ལྗོངས་འཛིན་གྲྭ་གཉེར་བའི་ཞིང་ཆེན(གྲོང་ཁྱེར)གྱི་སློབ་གསོ་སྲིད་འཛིན་སྡེ་ཚན། བོད་ལྗོངས་འཛིན་གྲྭ་གཉེར་བའི་སློབ་གྲྭ། དགེ་རྒན་དང་སློབ་ཐོན་སློབ་མ་ཕུལ་བྱུང་གི་འཐུས་མི་བཅས་ཁྱོན་མི་180ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 1984ལོར་ཏང་ཀྲུང་དབྱང་གིས་བོད་ལྗོངས་སློབ་གསོའི་འཕེལ་རྒྱས་ཀྱི་དམིགས་བསལ་ལྗོངས་བབ་གཞིར་བཟུང་བོད་ལྗོངས་འཛིན་གྲྭ་གཉེར་བའི་ཐབས་ཇུས་གལ་ཆེན་བཏོན་གནང་སྟེ། ཞིང་ཆེན(གྲོང་ཁྱེར)16ཏུ་བོད་ལྗོངས་འཛིན་གྲྭ་གཉེར་བའི་ལས་དོན་སྔོན་ལ་སྤེལ་ཡོད། ལོ་ངོ་40ཡི་རིང་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་བ་དང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)23གྱི་གྲོང་ཁྱེར་60ཡི་སློབ་གྲྭ་129ལ་ཁྱབ་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་2.5ཙམ་ཟིན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།