2025ལོའི་ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེ་མོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཐོབ་པ།
ཉེ་ཆར། 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེ་མོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་འགྲན་ཞུགས་ཚོགས་པས་བྱང་ཆུབ་པའི་ཆེད་ལས་ཀྱི་འཇོན་ཐང་དང་གཟེངས་སུ་ཐོན་པའི་གསར་གཏོད་ཀྱི་ནུས་པར་བརྟེན་ནས་གསེར་གྱི་རྟགས་མ་གཅིག་དང་། དངུལ་གྱི་རྟགས་མ་གཉིས། ཟངས་ཀྱི་རྟགས་མ་བདུན་བཅས་བླངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ནང་འགག་རྩའི་ཁྱབ་ཁོངས་ཀྱི་ལག་རྩལ་ཚད་བརྒལ་དང་གྲུབ་འབྲས་གཞན་སྒྱུར་གྱི་གནད་དོན་ལ་དམིགས་ནས། ན་གཞོན་སློབ་མར་གསར་གཏོད་ཀྱི་འཇོན་ཐང་ངོམ་ས་དང་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་གྱི་ལས་སྟེགས་རྩེ་གྲ་ཞིག་བསྐྲུན་པ་དེས་རྒྱལ་ཁབ་དང་ས་ཁུལ་161གི་མཐོ་སློབ་5673དང་། རྣམ་གྲངས་ཁྲི་619 སློབ་མ་ཁྲི་2443བཅས་ཧུར་ཐག་ཞུགས་པའི་ཡིད་དབང་བཀུག་ཡོད་པས། རིམ་རྩིས་བརྒྱབ་ན། མིང་ཐོ་བཀོད་པའི་རྣམ་གྲངས་ཀྱི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། མཐར་རིམ་པ་བཞིན་ལེགས་འདེམས་བྱས་པ་བརྒྱུད། སྤུས་ལེགས་རྣམ་གྲངས་ཁག་4720རྒྱལ་ཡོངས་ཀྱི་མཐའ་བསྡུར་ལ་ཚུད་པ་རེད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་ཀྱིས་གསར་རྩོམ་བྱས་པའི《གྲོང་གསེབ་དར་རྒྱས། ཚན་རྩལ་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་སྤོས་ཀྱི་རིག་གནས་གོང་སྤེལ་དང་གྲོང་གསེབ་ཐུན་མོང་ཕྱུག་འགྱུར་གྱི་ལག་ལེན》དང《གངས་ལྗོངས་ཀྱི་སྟོབས་ཤུགས། གསོན་ཤུགས་ཆེ་བའི་སྲིན་ཁྱུར་བརྟེན་ནས་ས་མཐོའི་འབྲུ་རིགས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ》ཞེས་པའི་རྣམ་གྲངས་གཉིས་ལ་ལས་རིགས་སློབ་ཁྲིད་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ་སོ་སོར་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།