དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མ་བོད་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་མཉམ་སྤྱོད་འདུ་ཚོགས་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-11

    ཚེས་8ཉིན“བོད་དུ་ལྗོངས་རྒྱུ་བྱེད། ཚེ་གང་བརྗེད་པར་དཀའ”ཞེས་པའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མ་བོད་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་མཉམ་སྤྱོད་འདུ་ཚོགས་ལྷ་སའི་བར་སྐོར་གྱི་བཤད་སྒྲ་སྒོ་ར་ཆེན་མོར་གཉེར་ཞིང་། རྒྱལ་ཡོངས་ཀྱི་མཐོ་སློབ་མང་དག་གི་སློབ་ཆེན་སློབ་མ་20ལས་གྲུབ་པའི“ལང་ཚོའི་འཚམས་འདྲི་ཚོགས་པ”དང་བོད་ཀྱི་ས་གནས་ཀྱི་ལས་གཏོད་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། དེ་བཞིན་བོད་ལྗོངས་སློབ་ཆེན་གྱི་སློབ་མ་མཉམ་དུ་འཛོམས་ནས་འཚམས་འདྲིའི་གྲུབ་འབྲས་མཉམ་སྤྱོད་བྱས་པ་རེད།

    གཟའ་འཁོར་གཅིག་རིང“ལང་ཚོའི་འཚམས་འདྲི་ཚོགས་པའི”སློབ་ཆེན་སློབ་མ་20ལྷ་ས་དང་ལྷོ་ཁ་སོགས་སུ་བསྐྱོད་དེ་བོད་ཀྱི་རང་བྱུང་སྐྱེ་ཁམས་དང་མི་ཆོས་རིག་གནས་ཉམས་ལེན་བྱས་ཤིང་། མཉམ་སྤྱོད་འདུ་ཚོགས་སུ་སློབ་ཆེན་སློབ་མ་ཚོས་པར་རིས་དང་། བརྙན་ལམ། ཡིག་ལམ་བཅས་ནས་བོད་ཆས་གྱོན་ཏེ་བར་སྐོར་ཁྲོམ་གཞུང་དུ་བསྐྱོད་པའི་རྣམ་པ་དང་ཐང་གའི་འབྲི་རྩལ་དང་སྤོས་བཟོའི་ལག་རྩལ་ཉམས་ལེན་དང་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མྱོང་རོལ་བྱས་ཚུལ་མཉམ་སྤྱོད་བྱས་པ་རེད།

    རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་མཉམ་འདྲེས་ཁྲུའུ་ཡི་ཁྲུའུ་ཀྲང་སྐལ་བཟང་ཕུན་ཚོགས་ཀྱིས་བྱེད་སྒོར་ཞུགས་མཁན་སློབ་ཆེན་སློབ་མ་ཚོས་བོད་ཀྱི་གཏམ་རྒྱུད་ཀྱི་དཔང་པོ། ཉམས་ལེན་པ། བརྒྱུད་བསྒྲགས་པ་བཅས་བྱས་ནས། “བོད་དུ་ལྗོངས་རྒྱུ་བྱེད་པ”དེ“ཚེ་གང་བརྗེད་པར་དཀའ་བའི”དགའ་ཕྱོགས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།