ཚན་རིག་དང་ཉེ་བཅར་གྱིས་འཚོལ་ཞིབ་ཧུར་ཐག་བྱེད།
འདི་ནི་སློབ་མ་ཚོས་འཕྲུལ་མིའི་འཁྲབ་སྟོན་ལ་ལྟ་བཞིན་པ།
ཉེ་ཆར། “དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་མཐོ་རུ་བཏང་ནས་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་དུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་སྐོར་སྐྱོད་ཚན་རྩལ་ཁང་གི་བོད་རང་སྐྱོང་ལྗོངས་སྐོར་སྐྱོད་འགྲེམས་སྟོན་མཚོ་སྨད་ས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་སློབ་ཆུང་དུ་གཉེར་བ་རེད།
ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་ལ་ཁྱོན་འགྲེམས་རྫས་30ལྷག་ཙམ་འགྲེམས་སྟོན་བྱས་ཡོད། འཆད་འགྲེལ་དགེ་རྒན་གྱི་ཁྲིད་སྟོན་དང་དཔེ་སྟོན་འོག ཕྲུ་གུ་ཚོས་མཉམ་འགུལ་ཉམས་ལེན་ལ་ཞུགས་ནས་བར་ཐག་ཉེ་པོས་ཚན་རིག་གི་ངོ་མཚར་དང་གསང་བ་ཚོར་ཐུབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།