དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

    “གཙོ་བོ་གཅིག་དང་། གཞོན་པ་གཉིས། གཞོགས་འདེགས་བཞི”བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀྱི་སྤྱིའི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-28

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་ཚུན་གྱི་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་60ཡི་རིང་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེན་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། མི་དམངས་ཀྱི་བདེ་ཐང་འགན་ལེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།

    ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1965ལོའི་193ནས་7231བར་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་2422ནས་ཁྲི་3.2བར། ནད་ཁྲི་1631ནས་21488བར་བཅས་མང་དུ་ཕྱིན་པ་དང་། རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་ཕྱོགས་ཡོངས་ལ་ཁྱབ་པ། སྨན་ཁང་དུ་མ་སླེབས་གོང་གི་མྱུར་སྐྱོབ་ནུས་པ་མུ་མཐུད་ཆེ་རུ་ཕྱིན་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཛ་དྲག་གསོ་རིག་རོགས་སྐྱོབ་མ་ལག་གཞི་རྩའི་ཆ་ནས་གྲུབ་པ། རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ། རྒྱལ་ཡོངས་ཀྱི“རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ཀྱི་གསོ་བ་རིག་པ)”ཐོག་མ་འཛུགས་གཏོད་བྱས་པ། ཧྭ་ཤིས་སྨན་ཁང་དང་ཧྭ་ཤིས་སྨན་ཁང་གཉིས་པས་རོགས་སྐྱོར་བྱས་པའི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ལྷ་སར་བཙུགས་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཤོང་སྐྱེད་གཤམ་གཏོང་དང་དོ་སྙོམས་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་བཅས་ལས“གཙོ་བོ་གཅིག་དང་། གཞོན་པ་གཉིས། གཞོགས་འདེགས་བཞི”བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀྱི་སྤྱིའི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་ཡོད།

    ལྗོངས་ཡོངས་སུ་ནད་ཡམས་ཚོད་འཛིན་ལྟེ་གནས་82བསྐྲུན་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ལ་ཁྱབ་པའི་འགོས་ནད་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་མ་ལག་དང་། རིམས་འགོག་འཆར་འགོད་མ་ལག སྔོན་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུའི་དྲ་རྒྱ་བཅས་ཆགས་པ་དང་། བྱིས་པའི་ནད་འགོག་འཆར་འགོད་ནད་འགོག་སྨན་ཁབ་རྒྱག་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ། ལྷ་འབྲུམ་དང་། རྒྱུངས་སྐྱའི་གཉན་ཚད། མགྲིན་ནད་སོགས་ཀྱི་ནད་རིགས་ཚབས་ཆེན་སྔ་རྗེས་སུ་རྩ་མེད་དུ་བཏང་བ། བྱི་རིམས་དང་འབྲས་གཅོང་སོགས་ཚོད་འཛིན་ནུས་ལྡན་ཐུབ་པ། ཐུམ་འབུའི་ནད་སྨན་བཅོས་བྱེད་དགོས་རིགས་ཚང་མ་སྨན་བཅོས་ཐུབ་པ། གྲུམ་བུ་ཚིགས་ཆེན་ནད་ཀྱི་ནད་དཔེ་གསར་པ་ཐོན་མེད་པ། ཏེན་མི་འདང་བའི་ནད་དང་འཐུང་ཆུའི་རིགས་ཀྱི་ཧྥུལ་དུག་ཕོག་པ་སོགས་ཡུལ་ནད་ཚོད་འཛིན་ཐུབ་པའམ་ཡང་ན་མེད་པར་ཆགས་པའི་ཚད་གཞིར་སླེབས་པ། ཁྲིམས་བཀོད་འགོས་ནད་ཐོན་ཚད་ཕྱོགས་ཡོངས་ནས་འཕར་ཆག་དམའ་གནས་སུ་སླེབས་པ་དང་འཆི་ཚད་ལོ་རྒྱུས་ཀྱི་དམའ་ཤོས་སུ་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།