རམ་འདེགས་སྐྱེ་འཕེལ་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག་13སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། རམ་འདེགས་སྐྱེ་འཕེལ་རིགས་ཀྱི་སྨན་བཅོས་ཞབས་ཞུའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཀྱི་སྲིད་ཇུས་གསར་པ་ལག་ལེན་བསྟར་བ་ནས་བཟུང་། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་མི་ཐེངས་2600ལྷག་ཙམ་ལ“རམ་འདེགས་སྐྱེ་འཕེལ་རིགས་ཀྱི་ལག་རྩལ”དང་དེ་བཞིན་ཕྲུ་གུ་བཙའ་སྐབས་ན་ཟུག་འཇོག་པའི་ཞབས་འདེགས་ཞུས་ནས་དུས་རྩིས་བརྒྱབ་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་དངུལ་འབོར་སྒོར་ཁྲི་544.88ཟིན་པ། སྨན་བཅོས་འགྲོ་གྲོན་བསྡོམས་སྒོར་ཁྲི་579.57ཟིན་ནས་རྩིས་ཞུའི་བསྡུར་གྲངས་94%ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་ཇུས་དེ་ལས་རམ་འདེགས་སྐྱེ་འཕེལ་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག་13སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་པའི་ཁྲོད་ཁམས་དམར་ལེན་པའི་གཤགས་བཅོས་དང་སྦྲུམ་རྟེན་གསོ་སྤེལ་སོགས་འགག་རྩའི་ལག་རྩལ་ཚུད་པ་མ་ཟད། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལོར་གཏོང་སྤྲོད་རྐྱང་པར་མཐོ་ཤོས་མི་རེར་ཐེངས་4ཡིན་པའི་གཏན་འཁེལ་བྱས་ནས་འགན་བཅོལ་ནང་ཞུགས་མཁན་གྱིས་སྒོ་བསྟེན་གྱི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་རྐྱང་པ་ལོངས་སྤྱོད་བྱེད་སྐབས་ཐོག་མའི་གཏོང་སྤྲོད་ཚད་གཞི་མི་བཟོ་བའི་ཁྲོད་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞིའི་90%ཡི་བསྡུར་གྲངས་གཞིར་བཟུང་རྩིས་ཞུ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དེ་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་མཐོ་དམའ་ལ་གཞིགས་ནས་90%དང་60%ཡི་རིམ་པ་གཉིས་ཀྱི་ཐོག་ནས་རྩིས་ཞུ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཕྲུ་གུ་བཙའ་སྐབས་ན་ཟུག་གཅོག་པའི་སྨན་བཅོས་ཞབས་ཞུའི་རྣམ་གྲངས“རིགས་ཁ་པར”གཞིགས་ཏེ་སྨན་བཅོས་འགན་སྲུང་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད།
འབྲེལ་ཡོད་གསར་འགྱུར།