དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སློབ་མའི་ཕུགས་བསམ་མེ་ཏོག་མེས་རྒྱལ་ས་གཞི་ཆེན་པོར་བཞད་པར་བྱེད།

    —— རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་དང་ལྷ་ས་སློབ་འབྲིང་གི་དགེ་རྒན་བདེ་ཆེན་ཉི་མའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-20

    ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ས་ཡུལ་དངོས་ཀྱི་མཛད་སྒོར་གདན་ཞུས་ལྟར་ཞུགས་ནས་ཡུན་རིང་མ་སོང་བར། བདེ་ཆེན་ཉི་མ་ལྷ་ས་སློབ་འབྲིང་གི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”འཆད་སྟེགས་སུ་ལངས་ཤིང་། ཁོང་གིས་ལག་ཐོགས་ཁ་པར་ནས་བརྙན་ལེན་བྱས་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྣམ་པ་གཟབ་རྒྱས་དེ་སློབ་མ་ཚོར་བསྟན། “ཁྱེད་ཚོས་ལྟོས་དང་། ཁྲང་ཨན་ཁྲོམ་གཞུང་གི་གོམ་སྟབས་རེ་རེར་སྦྱོང་བརྡར་ཐེངས་སྟོང་ཕྲག་བྱེད་དགོས། དེས་ན་ང་ཚོའི་ཕུགས་བསམ་ཡང་སློབ་གྲྭའི་ནང་རྩ་བ་ཡག་པོ་ཚུགས་པར་བྱེད་དགོས”ཞེས་པའི་ཁོང་གི་སྐད་ཆའི་ནང་པེ་ཅིང་ནས་འབྱོར་མ་ཐག་པའི་དགའ་ཚོར་མངོན་ལ། ས་མཐོའི་སློབ་གསོའི་ལས་ལ་གཞོལ་བའི་ལོ་ངོ་13རིང་གི་ལྷག་བསམ་ཟོལ་མེད་དེ་བས་ཀྱང་མངོན་གྱི་ཡོད།

    2024ལོའི་རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་ཡིན་པའི་བདེ་ཆེན་ཉི་མ་2008ལོར་ཏང་ལ་ཞུགས་པ་དང་། 2012ལོར་པེ་ཅིང་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱེད་པའི་ཁོང་གིས་འཆད་སྟེགས་སུ་བཞག་པའི“ཀྲུང་ཧྭར་དགའ་ཞེན་གྱི་ས་བོན་ཕྲུ་གུ་ཚོའི་སེམས་སུ་མྱུ་གུ་འབུ་རུ་འཇུག་གི་ཡིན”ཞེས་པའི་དམ་བཅའ་མངོན་འགྱུར་བྱས་ཡོད།

    བདེ་ཆེན་ཉི་མས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན”གཏམ་བཤད་འགྲན་བསྡུར་ནང་མཉམ་འདྲེས་ཐུབ་པར་བྱས་ནས། སློབ་མ་རྣམས་ལ་གཞོན་སྐྱེས་ཀྱི་དར་སོ་ཆེ་བའི་སྐད་ཆར་བརྟེན་ནས་ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་དུ་བཅུག་པ་དང་། ལོ་བརྒྱད་བསྟུད་མར་ན་གཞོན་གྱི་མར་ཁེ་སི་རིང་ལུགས་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་མི་རིགས་ཁག་གི་སློབ་མ་སྒྲིག་འཛུགས་བྱས་ནས་ཟླ་མཆོད་དུས་ཆེན་དང་ལྔ་པའི་ཚེས་ལྔའི་དུས་ཆེན་སོགས་སྲོལ་རྒྱུན་དུས་ཆེན་མཉམ་རོལ་བྱས་ཤིང་། “ཉེ་འགྲམ་གྱི་བདེ་སྐྱིད་ཤོད་པ”ཞེས་པའི་བྱེད་སྒོར་སློབ་མས་སོ་ཕག་གི་ཁང་པ་ནས་བདེ་སྡོད་ཁང་པར་སྤོས་པའི་རང་ཁྱིམ་གྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པར་ཉན་པ་རེད།

    འཛིན་གྲྭའི་ཀྲུའུ་རེན་བྱེད་སྐབས་བདེ་ཆེན་ཉི་མར་སྒྲིག་སྲོལ་ནན་པོ་ཞིག་ཡོད་པ་སྟེ། ཉིན་ལྟར་ཞོགས་པ་དང་། ཉིན་གུང་། དགོང་མོ་བཅས་ལ་ཁོང་ཆུ་ཚོད་ཕྱེད་ཀའི་སྔོན་ལ་འཛིན་གྲྭའི་ནང་སླེབས་ཀྱི་ཡོད། ཞོགས་པ་སྔ་མོར་ཁོང་གིས་སློབ་མའི་སློབ་དེབ་ལེགས་སྒྲིག་བྱེད་པ་དང་། ཉིན་གུང་གི་ངལ་གསོའི་སྐབས་ཁོང་སློབ་ཁང་གི་ཟུར་དུ་བསྡད་ནས་དོགས་གནད་སེལ་གྱི་ཡོད། དགོང་མོའི་རང་སྦྱོང་གི་རྗེས་སུ་ཁོང་གིས་གཞིས་ལུས་སློབ་མ་དང་ཁ་བརྡ་གློད་ཀྱི་ཡོད། དེ་སྔར་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་སྦྱངས་འབྲས་རྗེས་སུ་ལུས་པའི་དབང་གིས་སློབ་མཚམས་འཇོག་འདོད་པས། ཁོང་གིས་གློག་རྟ་བཞོན་ནས་ཁྱིམ་དུ་འཚམས་འདྲི་ཐེངས་གསུམ་བྱས་ཏེ་སློབ་མའི་ཁྱིམ་དུ“སྐྱེ་དངོས་ཀྱི་ཤེས་བྱའི་དཀའ་གནད་ཇི་ལྟར་ངེས་སྟངས”ནས“མ་འོངས་པར་ཅི་ཞིག་སྒྲུབ་འདོད”པའི་བར་གླེང་བ་མ་ཟད། ད་དུང་སློབ་མ་དེར་འཚམ་པའི་སློབ་སྦྱོང་གི་འཆར་གཞི་ཡང་བཟོས། རྗེས་སུ་སློབ་མ་དེ་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། ལོ་ལྟར་དགེ་རྒན་དུས་ཆེན་ལ་ཁ་པར་བརྒྱབ་སྟེ། “རྒན་ལགས། གལ་ཏེ་ཁྱེད་རང་མེད་ན་ང་རང་སྔ་མོ་ནས་སེམས་ཤུགས་ཆག་ཡོད་ཀྱི་རེད”ཅེས་ཞུ་གི་ཡོད། ལོ་ངོ་འདི་དག་གི་རིང་། དགེ་རྒན་ཁོང་གིས་སྨྱུ་གུས་བྲིས་པའི་འཕྲིན་ཡིག་མང་པོ་ཡོད་ཅིང་། ནང་དོན་ནི“སློབ་མ་གཅིག་ཀྱང་རྗེས་སུ་ལུས་མི་རུང་བའི”དམ་བཅའ་རྐྱང་རྐྱང་ཡིན་པ་རེད།

    2021ལོར་བདེ་ཆེན་ཉི་མས་རང་འགུལ་ངང་ས་བབ་སྨི་5000ཟིན་པའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཕྱོགས་བཅུ་གྲོང་ཚོར་བཅའ་སྡོད་ཀྱི་རེ་བ་ཞུས་ཤིང་། གྲོང་མི་དག་ཁ་ཐོར་དུ་སྡོད་པ་དང་རྟག་པར་མཉམ་སྡེབ་སློབ་སྦྱོང་བྱེད་ཁག་པོ་ཡོད་པའི་དབང་གིས། ཁོང་གིས“ཉིན་རེར་ཚིག་རེ”ཞེས་པའི་ཕྲན་ཚོགས་སློབ་ཚན་བཟོས་ཏེ་གྲོང་མིར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མཛུབ་ཁྲིད་བྱེད་ཀྱི་ཡོད། དར་དམར་ཤང་དུ་དགུན་ཁར་གྲང་ངར་ཆེ་བ་ཤེས་རྗེས། ཁོང་གིས་ཡུལ་ངེས་མེད་ཀྱི་གཅེས་སེམས་མི་སྣ་དང་འབྲེལ་གཏུག་བྱས་ནས་སྒོར་ཁྲི་10རི་བའི་གྲང་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་། གྲོང་ཚོའི་ཕྲུ་གུ་རྣམས་སྤྱི་ལེ་དུ་མའི་སར་སློབ་གྲྭར་འགྲོ་དགོས་པ་མཐོང་སྐབས། ཁོང་གིས་ཡར་རྒྱུག་མར་རྒྱུག་བྱས་ཏེ་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་རེད། “སློབ་གསོ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རྩ་བ་ཡིན་པས། གྲོང་ཚོའི་ཕྲུ་གུ་རྣམས་ལ་ཡང་སློབ་གསོ་ཡག་པོ་ལོངས་སྤྱོད་བྱེད་དུ་འཇུག་དགོས” གྲོང་སྡོད་ལོ་གཅིག་གི་རིང་། ཉི་འོད་དྲག་པོས་ཁོང་གི་ངོ་གདོང་གི་ཤ་རྩི་ནག་པོར་གྱུར་ལ་ལུས་ཤ་ཡང་རིད་ནའང་དགོད་འཚེར་འཚེར་ངང“དོན་སྙིང་ཆེན་པོ་འདུག”ཅེས་བརྗོད།

    ད་ཆ་ལོ་35ལ་སླེབས་པའི་བདེ་ཆེན་ཉི་མ་ལ་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་དུག་འགོག་སློབ་གསོའི་དགེ་རྒན་ཕུལ་བྱུང་དང་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་འཇོན་ཐང་ཅན་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ནའང་། ཁོང་གིས་དོ་སྣང་ཆེ་ཤོས་བྱེད་པ་ནི་སྔར་བཞིན་སློབ་མའི་ལུས་སེམས་འཚར་ལོངས་རེད། “སློབ་མ་རྣམས་རང་གི་རེ་འདོད་ལྟར་གྱི་སློབ་ཆེན་དུ་རྒྱུགས་འཕྲོད་པའམ་ཡང་ན་ང་ལ་འཚམས་འདྲི་ཞུ་རུ་ཡོང་ཐེངས་རེར། རང་ཉིད་ནི་ལྗོན་ཤིང་འདེབས་མཁན་ཞིག་དང་འདྲ་བར་ལྗོན་ཤིང་རེ་རེ་རིམ་བཞིན་འཚར་བར་ལྟ་བ་དང་མཚུངས་པའི་སྣང་བ་སྦྱིན”གངས་ལྗོངས་ས་མཐོའི་ཁྲིད་སྟེགས་སུ་ལངས་པ་ནས་བཟུང་། བྱམས་བརྩེའི་ཆུ་རྒྱུན་སློབ་བུའི་ཞིང་སར་འདྲེན་པའི་བདེ་ཆེན་ཉི་མའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གང་ཡང་བྱུང་མེད་ཅིང་། སློབ་མའི་ཕུགས་བསམ་མེ་ཏོག་མེས་རྒྱལ་གྱི་ས་གཞི་ཆེན་པོར་བཞད་དུ་འཇུག་གི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།