དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སློབ་གསོའི་ལམ་དུ་སྐལ་བཟང་མེ་ཏོག་བཞད། མི་རིགས་མཐུན་སྒྲིལ་ཟབ་གཏོང་མི་གསར་བསྐྱངས།

    མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་སུང་ཡུས་ཀང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-15

    ས་བབ་སྨི་4500ཡོད་པའི་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དུ་ལོ་ཉི་ཤུ་རྩ་བརྒྱད་ཉིན་གཅིག་ལྟར་འབད་འབུངས་གནང་མཁན་རྒྱ་རིགས་དགེ་རྒན་ཞིག་ཡོད་པ་ཁོང་ནི“རྒྱལ་ཡོངས་ཀྱི་གྲོང་གསེབ་དགེ་རྒན་ཡག་ཤོས”ཀྱི་མཚན་སྙན་ཐོབ་མཁན་རུ་ཐོག་ཤང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་སུང་ཡུས་ཀང་རེད།

    1997ལོར་ལོ་22ལ་སླེབས་པའི་སུང་ཡུས་ཀང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་རང་འགུལ་ངང་རུ་ཐོག་ཤང་སློབ་ཆུང་དུ་ཡོང་རྒྱུའི་རེ་འདུན་ཞུས་པ་དང་དེ་ནས་བཟུང་ཁོང་གི་དཔེ་ཁྲིད་མི་སྐྱོང་གི་འཚོ་བ་འགོ་ཚུགས།

    སུང་ཡུས་ཀང་ནི་དགེ་རྒན་བཟང་པོ་ཞིག་ཡིན་ལ་བྱམས་བརྩེ་ལྡན་པའི་ཕ་ཞིག་ཀྱང་རེད། དགུན་དུས་སུ་ཁོང་རང་ཉིད་ཀྱིས་དངུལ་བཏོན་ནས་སློབ་མ་ཚོར་རྐང་ཤུབས་དང་སྲིང་བལ་ལྷམ་སོགས་ཉོ་བ་དང་། མཚན་གུང་དུ་ནད་གཞི་ཕོག་པའི་སློབ་མ་སྒལ་པར་ཁུར་ནས་སྨན་ཁང་དུ་སྐྱེལ་བ། ལྕགས་ཀྲིན་གྱིས་སྒྲོན་སྟེགས་བཟོས་ཏེ་སློབ་མར་སློབ་ཚན་ཟུར་ཁྲིད་བྱེད་པ། ནོར་ལུག་འཚོ་མཁན་ཕྲུ་གུ་ཚང་མར་སློབ་གྲྭར་བསྐྱོད་རྒྱུའི་ཁ་ཏ་བསླབ་བྱ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད། ད་ལྟ། སློབ་གྲྭ་དེར་སློབ་མ་གསར་པ་སློབ་གྲྭར་ཞུགས་ཚད་100%ཟིན་གྱི་ཡོད། བོད་རིགས་སློབ་མ་ཞིག་ནན་ཅིང་གསོ་རིག་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་ཆེད་མངགས་ཁོང་ལ་ཐུགས་རྗེ་ཆེ་ཞུ་བར་ཡོང་སྐབས་སུང་ཡུས་ཀང་ལ་བློས་གཏོང་ཚང་མ་བྱེད་རིན་ཡོད་པ་ཞིག་ཡིན་པའི་ཚོར་སྣང་ཆེན་པོ་སྐྱེས།

    2003ལོར། སུང་ཡུས་ཀང་གིས་ལྗོངས་ཕྱིའི་རྣམ་གྲངས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་སློབ་གྲྭར་གློག་སྤྱད་སློབ་ཁྲིད་ཁང་དང་པོ་བསྐྲུན་པས། ས་མཐོའི་ཕྲུ་གུ་ཚོས་རྩིས་འཁོར་བརྒྱུད་ཕྱི་རོལ་གྱི་འཇིག་རྟེན་ཐོག་མར་མཐོང་ཡོད།

    ས་མཐོར་རྩ་བ་ཚུགས་ནས་ལོ་ཉི་ཤུ་རྩ་བརྒྱད་རིང་སུང་ཡུས་ཀང་དང་བོད་རིགས་དགེ་རྒན་བདེ་སྐྱིད་མཚོ་མོ་ངོ་ཤེས་ནས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་བཙུགས་པ་དང་སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་ཀྱི་ཁྱིམ་ཚང་ཡག་ཤོས”དང“ལྷ་ས་གྲོང་ཁྱེར་གྱི་ཤེས་དཔལ་ཁྱིམ་ཚང”གི་མཚན་སྙན་ཐོབ་ཡོད། 2012ལོའི་སློབ་ཐོན་འཛིན་གྲྭ་རྩིས་སྤྲོད་པའི་འགག་རྩའི་དུས་སུ་ཁོང་གིས་ཉིན་བཞི་དང་མཚན་གསུམ་ལས་གནས་བརྟན་སྲུང་བྱས་ནས་སློབ་མ་36ཚང་མ་བདེ་བླག་ངང་སློབ་འབྲིང་དུ་ཚུད་ཐུབ་པར་འགན་ལེན་བྱས་པ་རེད། 2007ནས་2012ལོའི་བར་ལས་བྲེལ་ཆེ་བའི་དབང་གིས་ཁོང་ལོ་ལྔ་བསྟུད་མར་ཕ་ཡུལ་དུ་ཕ་མ་རྒན་རྒོན་ཐུག་འཕྲད་བྱེད་པར་སྐྱོད་ཐུབ་མེད།

    དགེ་རྒན་བྱས་ཚུན། སུང་ཡུས་ཀང་ལ་སྔ་རྗེས་སུ“རྒྱལ་ཁབ་རིམ་པའི་ཕུལ་བྱུང་དགེ་རྒན”སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད་མོད། འོན་ཀྱང་ཁོང་གིས“གཟི་བརྗིད་མཚན་སྙན་དེ་དག་ས་མཐོ་བརྟན་སྲུང་བྱེད་མཁན་སློབ་གསོའི་ལས་དོན་པ་ཚང་མར་དབང་བ་ཡིན། ངས་མུ་མཐུད་འབད་བརྩོན་བྱས་ན་ཏང་དང་སྲིད་གཞུང་གི་ཡིད་ཆེས་ལ་དྲིན་ལན་འཇལ་ཐུབ”ཅེས་རྟག་ཏུ་ཤོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།