བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དུས་ཆེན་ཐེངས་ཞེ་གཅིག་པའི་གཟེངས་བསྟོད་ཚོགས་ཆེན་དང་2025ལོའི་སློབ་མ་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།
ཚེས་10ཉིན། བོད་ལྗོངས་སློབ་ཆེན་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་། དགེ་རྒན་དུས་ཆེན་ཐེངས་41པའི་གཟེངས་བསྟོད་ཚོགས་ཆེན། 2025ལོའི་སློབ་མ་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོ་བཅས་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་གིས་ཤིས་ཚིག་བསྒྲོན་པ་རེད།
བྱེད་སྒོ་དེ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་བརྗིད་ཉམས་ལྡན་པའི་རྣམ་པའི་ཁྲོད་འགོ་ཚུགས་པ་རེད། སུན་ཤན་ཀྲུང་གིས་སློབ་གྲྭའི་ཚབ་ཞུས་ནས་དགེ་རྒན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། སློབ་མ་གསར་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། སློབ་གྲྭས་སློབ་ཁྲིད་ཀྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་ལག་ལེན་གྱི་ལས་སྟེགས་དང་གསར་གཏོད་ཀྱི་བར་མཐོངས་སྔར་བས་ཆེ་རུ་བཏང་ནས། བོད་ལྗོངས་སློབ་ཆེན་འདི་ཉིད་རེ་བ་སྐྱེད་སྲིང་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་ཞིང་ས་གཤིན་པོར་དངོས་སུ་འགྱུར་བ་བྱ་རྒྱུ་རེད།
དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་། ཕུལ་དུ་བྱུང་བའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར། དེ་བཞིན་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་མ་བཅས་ལ་གཟེངས་བསྟོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།