ལྗོངས་ཡོངས་ཀྱི“སྨན་རྫས་བྱུག་རྫས་དང་སྨན་བཅོས་ཡོ་བྱད”ཀྱི་ཤེས་བྱའི་འགྲན་བསྡུར་བྱས་པ།
ཚེས་8ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི“སྨན་རྫས་བྱུག་རྫས་དང་སྨན་བཅོས་ཡོ་བྱད”ཀྱི་ལྟ་འདོམས་ཤེས་བྱའི་འགྲན་བསྡུར་ལྷ་སར་བྱས་ཤིང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)ཁག་གི་ལས་རིགས་ལྟ་འདོམས་མི་སྣ་དང་ལས་དོན་པ་ལས་གྲུབ་པའི་འཐུས་མིའི་རུ་ཁག་9འགྲན་བསྡུར་ལ་ཞུགས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་གྱིས“སྨན་རྫས་ཀྱི་བདེ་འཇགས། དམངས་ཆེད་ལྟ་འདོམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་མི་སྒེར་གྱིས་ངེས་པར་དུ་ལན་འདེབས་དགོས་པའི་འདྲི་གཞི་དང་། ཚོགས་པས་ངེས་པར་དུ་ལན་འདེབས་དགོས་པའི་འདྲི་གཞི། ཧབ་འདེབས་འདྲི་གཞི། ཉེན་ཁའི་འགྲན་སློང་འདྲི་གཞི་སོགས་ལྷུ་ཚིགས་མང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་སྨན་རྫས་དང་། བྱུག་རྫས། སྨན་བཅོས་ཡོ་བྱད་བཅས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྤུས་ཚད་དོ་དམ་ཚད་གཞི། རྒྱུན་གཏན་གྱི་ལྟ་འདོམས་ལས་དོན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས། འགྲན་ཞུགས་མི་སྣའི་ཆེད་ལས་ཤེས་བྱ་དང་ཉེར་སྤྱོད་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།