གྲོང་གསེབ་སློབ་གསོའི་ལས་ལ་གཞོལ་ནས་བརྩེ་བ་དང་འགན་སེམས་མངོན་པ།
དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་ཤིང་། འཕྲིན་ལན་གྱི་ཡིག་ཕྲེང་དང་ཡིག་འབྲུ་ཚང་མའི་ནང་དགེ་རྒན་གྱི་དཔུང་ཁག་ལ་ཐུགས་ཁུར་དང་སློབ་གསོའི་ལས་དོན་ལ་མཐོང་ཆེན་གནང་ལུགས་འདུས་ཡོད།
“མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་སྐྱོད”ཅེས་པ་དེ་མི་དམངས་དགེ་རྒན་དེ་བས་མང་བའི་གདམ་གར་གྱུར་ཡོད། ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་ཁྲི་118ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བཞིན་གྲོང་གསེབ་ཀྱི་དཔེ་ཁྲིད་མི་སྐྱོང་ལ་གཞི་ཚུགས་ཏེ་རིན་ཐང་བྲལ་བའི་ལང་ཚོ་དབུས་ནུབ་རྒྱུད་ཀྱི་ས་གཞི་ཆེན་པོར་ཕུལ་ནས་མི་ཚེར་དོན་སྙིང་ལྡན་པར་བྱས་ཡོད། སྤྱོད་ཡོན་གཉིས་ལྡན་གྱི་གཟུགས་བརྙན་རེ་རེས་ཀྲུང་གོ་ཁོ་ནར་ཡོད་པའི་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བཀྲག་མདངས་སྣོན་བཞིན་ཡོད།
སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་ཡོད་ན། ད་གཟོད་སྤུས་ཚད་མཐོ་བའི་སློབ་གསོ་ཡོང་སྲིད། རང་རྒྱལ་ལ་གྲངས་འབོར་མང་བའི་དགེ་རྒན་གྱི་དཔུང་ཁག་ཡོད་པ་དེས་འཛམ་གླིང་སྟེང་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་ལ་འདེགས་སྐྱོར་བྱེད་བཞིན་ཡོད། རྒྱ་ཆེའི་དགེ་རྒན་གྱིས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་རང་འགུལ་ངང་དོན་གཉེར་གྱིས་ལམ་སྟོན་སྒྲོན་མེ་ལྟར་གྱི་བརྩེ་བ་འཆང་བཞིན་ཡོད་པས་སློབ་གསོའི་རྒྱལ་ཁབ་ཆེན་པོ་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་སྐྱོད་པའི་གོམ་སྟབས་བརྟན་དུ་འགྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།