བོད་རང་སྐྱོང་ལྗོངས་སྒལ་ཚིགས་རྨས་མའི་ཕན་ཚུན་རོགས་རེས་དང་བདེ་ཐང་བསྐྱར་གསོའི་སྦྱོང་བརྡར་འཛིན་གྲྭ་ལྷ་ས་ཁམས་བདེའི་གསོལ་མགྲོན་ཁང་ཆེན་མོར་སྤེལ་བ།
འདི་ནི་སྦྱོང་བརྡར་འཛིན་གྲྭའི་ཡུལ་དངོས་ཡིན་པ།
བོད་ཀྱི་སྒལ་ཚིགས་རྨས་མ་ཚོའི་འཚོ་བའི་རྩལ་ནུས་མཐོ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། རྐང་ལག་བདེ་མེད་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་སྒལ་ཚིགས་རྨས་མའི་ཕན་ཚུན་རོགས་རེས་དང་བདེ་ཐང་བསྐྱར་གསོའི་སྦྱོང་བརྡར་འཛིན་གྲྭ་ཟླ་8པའི་ཚེས་26ཉིན་ནས་ཚེས་30ཉིན་བར་དུ་ལྷ་ས་ཁམས་བདེའི་གསོལ་མགྲོན་ཁང་ཆེན་མོར་སྤེལ་བ་རེད།
འདི་ནི་སློབ་ཁྲིད་སྐབས་ཀྱི་རྣམ་པ་ཡིན་པ།
འདི་ནི་ཕན་ཚུན་བགྲོ་གླེང་བྱེད་པའི་རྣམ་པ་ཡིན་པ།
ད་ཐེངས་ཀྱི་སྦྱོང་བརྡར་འཛིན་གྲྭའི་ཁྲོད་སྒལ་ཚིགས་རྨས་མ་ཚོའི་དགོས་མཁོ་དངོས་ལ་བསྟུན་ཞིང་། “དབང་སྐྱོན་ཕན་ཚུན་རོགས་རམ”ཞེས་པ་དེ་ལྟེ་བའི་རྣམ་པར་བཟུང་ཐོག་ཆེད་ལས་ཀྱི་ཐོབ་ཐང་ལྡན་པའི་ཚོགས་པས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ་སྦྱོང་བརྡར་བྱ་ཡུལ་གཙོ་བོ་ནི་ཐེམ་ཁོངས་བོད་ནས་ཡིན་པའི་རབས་གཉིས་པའི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཡོད་པའི་སྒལ་ཚིགས་རྨས་མ་10པོ་དེ་ཡིན་ཞིང་། སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཆེད་ལས་དགེ་རྒན་5བཀོད་སྒྲིག་བྱས་པ་དང་། སྦྱོང་བརྡར་འཛིན་གྲྭའི་ནང་ལུས་གསོའི་ནད་གཡོག་དང་། འཚོ་བ་བསྐྱར་སྐྲུན། སྨན་བཅོས། ལས་ཞུགས་ལས་གཏོད་རོགས་རམ། སེམས་ཁམས་འདྲི་རྟོགས། སྲིད་ཇུས་སྒྲོག་འགྲེལ་ལ་སོགས་པའི་ཁྱབ་ཁོངས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད།
འདི་ནི་ནན་ཏན་ངང་སློབ་ཚན་ཉན་པའི་རྣམ་པ་ཡིན་པ།
འདི་ནི་སྦྱོང་བརྡར་འཛིན་གྲྭའི་མཉམ་པར་ཡིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྦྱོང་བརྡར་འཛིན་གྲྭའི་དམིགས་ཡུལ་གཙོ་བོ་ནི་སྒལ་ཚིགས་རྨས་མ་ཚོའི་འཚོ་བའི་ཁྲོད་ཀྱི་རང་འགན་རང་ཁུར་གྱི་ནུས་པ་མཐོ་རུ་གཏོང་རྒྱུ་དང་། རིན་ཐང་གཏོད་པའི་རྩལ་ནུས་འདུ་ཤེས་ཆེ་རུ་གཏོང་རྒྱུ། དེ་བཞིན་སྒལ་ཚིགས་རྨས་མ་རྣམས་སྤྱི་ཚོགས་ནང་མཉམ་འདྲེས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ཡིན་པ་རེད། མ་ལག་ལྡན་པའི་སྦྱོང་བརྡར་བྱས་པ་བརྒྱུད་བོད་ཀྱི་སྒལ་ཚིགས་རྨས་མ་ཚོའི་འཚོ་བའི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།