དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • འབྲེལ་ཟམ་བཙུགས་ནས་ཐུན་མོང་ཐོག་འཚར་ལོངས་ཡོང་བར་རམ་འདེགས་བྱས་པ།

    ཁྲེང་ཀོན་ཆུས་རྔ་ཆེན་སྡེ་ཁུལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་སློབ་ཁང་གི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྐལ་བཟང་ལྷུན་གྲུབ།   |     སྤེལ་དུས།  2025-08-17

    ཞོགས་པའི་ཉི་འོད་སློབ་ཁང་དུ་འཕྲོས་ཤིང་ཁྲེང་ཀོན་ཆུས་རྔ་ཆེན་སྡེ་ཁུལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས། སློབ་འགོ་ཚུགས་ཚུན། གསོན་ཉམས་ལྡན་པའི་སློབ་སྦྱོང་གི་རྣམ་པ་འདི་འདྲ་ནི་སྡེ་ཁུལ་གྱི་རྒྱུན་ལྡན་ལ་གྱུར་ཡོད། སྡེ་ཁུལ་དེས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་པ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམངས་འཚོའི་འདུ་འགོད་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་སློབ་ཁྲིད་ལ་བརྟེན་ནས་འབྲེལ་ཟམ་བཙུགས་ཏེ། མང་ཚོགས་དེ་བས་མང་པོ་སློབ་སྦྱོང་བྱེད་རིང་ཡར་རྒྱས་ཡོང་བ་དང་ཡར་རྒྱས་ཕྲན་བུའི་ཁྲོད་ཡིད་ཆེས་འཕེལ་བར་བྱས་པ་རེད།

    གསོ་སྦྱོང་སློབ་ཁང་དུ་སྐྱོད་སྐབས་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་དང་རྨང་གཞི་བརྟན་དུ་གཏོང་བའི་སློབ་ཁྲིད་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མངོན་ཞིང་། ནག་པང་ཐོག“ཁམས་བཟང”“ཐུགས་རྗེ་ཆེ”ཞེས་པ་སོགས་ཀྱི་རྒྱུན་སྤྱོད་རྒྱ་ཡིག་ཐ་སྙད་གྲལ་འགྲིག་པོར་བྲིས་པ་དང་། འགྲམ་དུ་པིར་རིས་ཀྱི་གོ་རིམ་གསལ་པོ་བཀོད་ཡོད། དགེ་རྒན་གྱིས་སྔོན་ལ་རྒྱ་ཡིག་གི་ཡིག་འབྲུ་རེ་རེའི་གྲུབ་ཚུལ་འགྲེལ་བཤད་བརྒྱབ་པ་མ་ཟད། སློབ་མའི་ལག་ནས་འཇུས་ཏེ་རྒྱ་ཡིག་འབྲི་སྟངས་བསླབས་པ་དང་། དེ་ནས་ཚང་མའི་སྣེ་ཁྲིད་དེ་གནའ་བོའི་སྙན་ངག་གི་སྡེབ་སྦྱོར་ཞིབ་ཀློག་བྱས་ནས། སློབ་མར་ཡི་གེ་སློབ་པ་དང་ཆབས་ཅིག་རྒྱ་ཡིག་གི་ནང་དོན་ཟབ་མོ་ཚོར་དུ་བཅུག་པ་རེད།

    གསོ་སྦྱོང་འཛིན་གྲྭ་གཉེར་བ་ནས་ད་བར། གྲོང་མི་བརྒྱ་ལྷག་ཙམ་ལ་སྐད་ཡིག་སྤྱོད་པའི་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད། རྗེས་སུ། སྡེ་ཁུལ་གྱིས་སློབ་ཚན་བཀོད་སྒྲིག་རྒྱུན་མཐུད་ལེགས་སུ་བཏང་ནས། ད་ཡོད་ཀྱི་སློབ་ཁྲིད་རྨང་གཞིའི་ཐོག་ཚལ་ཁྲོམ་དུ་གོང་ཚད་འདྲི་བ་དང་སྨན་ཁང་དུ་ནད་གཞི་བརྟག་དཔྱད་སོགས་འཚོ་བའི་ཁྲོད་ཀྱི་གླེང་མོལ་སློབ་ཁྲིད་མང་དུ་གཏོང་བ་དང་། དང་བླངས་པ་གདན་དྲངས་ནས“གཅིག་གཏད་གཅིག”གི་ཟུར་ཁྲིད་བྱས་ཏེ། རྨང་གཞི་མི་འདྲ་བའི་སློབ་མ་ཚང་མར་རང་ལ་འཚམ་པའི་སློབ་སྦྱོང་བྱ་ཐབས་འཚོལ་ཞིབ་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།