རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས“ཟླ་བདུན་པའི་ཟླ་མཇུག་ཏུ་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་སློབ་གྲྭ་ནས་ཁ་མ་བྲལ་གོང་སློབ་ཐོན་འགྲོ་ཁུངས་དོན་འཁྱོལ་ཐུབ་ཚད་60%ཡན”དང་། “ལོ་མཇུག་ཏུ་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་འགྲོ་ཁུངས་དོན་འཁྱོལ་ཐུབ་ཚད་12%ཟིན་རྒྱུ་འགན་ལེན་བྱེད་པའི”2025ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་14743ཡོད་པ་ནས་ཟླ་7ཚེས་31ཉིན་བར་སློབ་མ་10562ལ་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་སྟེ་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་71.64%(ན་ནིང་ཟླ་7ཚེས་31ཉིན་ལས་བརྒྱ་ཆའི་གྲངས་10.32ཀྱིས་མཐོ་བ་ཡོད)ཟིན་ཏེ། ལོ་འཁོར་གྱི་ལས་ཀའི་དམིགས་ཚད་ཉིན་20ཡིས་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། 2025ལོའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་སྔོན་དཔག་བྱས་ན་36765ཡོད་པ་ནས་ཟླ་7ཚེས་31ཉིན་བར་སློབ་མ་23511ལ་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ནས་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་63.94%(ན་ནིང་ཟླ་7ཚེས་31ཉིན་ལས་བརྒྱ་ཆའི་གྲངས་11.69ཡིས་མཐོ་བ་ཡོད)ཟིན་པ་དང་། དེའི་ཁྲོད་སློབ་མ་8816ལྗོངས་ཕྱིར་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ནས་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་23.98%(ན་ནིང་ཟླ་7ཚེས་31ཉིན་ལས་བརྒྱ་ཆའི་གྲངས་4.69ཡིས་མཐོ་བ་ཡོད)ཟིན་པ་དེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་བརྒྱ་ཆའི་གྲངས་11.98ཀྱིས་མཐོ་བ་ཡོད། 2025ལོར་ལྗོངས་ནང་ཁུལ་གྱི་མཐོ་སློབ་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སློབ་ཐོན་སློབ་མ་1857ཡོད་པ་ལས་སློབ་མ་1370ལ་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ནས་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་ཐུབ་ཚད་73.77%ཟིན་པ་དེ་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་སློབ་ཐོན་འགྲོ་ཕྱོགས་དོན་འཁྱོལ་བྱེད་ཚད་ལས་མཐོ་བ་ཡོད་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཡིས་2025ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་སྔོན་ལ་དམ་འཛིན་དང་། གཙོ་གནད་ཐོག་དམ་འཛིན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཤིང་། ཐིང་ཏང་ཙུའུ་ཡི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་ནས་ལས་ཞུགས་ཀྱི“འགོ་ཁྲིད་ཨང་དང་པོའི”འདུ་འགོད་དོན་འཁྱོལ་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་མཐོ་སློབ་ལས་ཞུགས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་སྒྲིག་འཛུགས་བྱས་ནས། 2025ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ཆེད་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།