དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ཀྱི་གྲངས་འཛིན་ལག་རྩལ་ཆེ་མོ་བའི་སྤྲིན་རྩིས(དམའ་རིམ)གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-21

    ཉེ་ཆར། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྒྲུབ་འགན་ཁུར་བའི་ལྗོངས་ཡོངས་ཀྱི་གྲངས་འཛིན་ལག་རྩལ་བཟོ་བཀོད་པའི་སྤྲིན་རྩིས(དམའ་རིམ)གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེ་ཐོག་ནས་རང་ལྗོངས་ཀྱིས་བརྒྱུད་རིམ་རང་བཞིན་གྱི་སྒོ་ནས་རང་ཡུལ་གྱི་གྲངས་འཛིན་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་འགག་རྩའི་གོམ་སྟབས་སྤོས་པ་མཚོན་ཡོད་པ་དང་། ལྗོངས་ནང་ཁུལ་གྱི་མཐོ་སློབ་དང་བྱ་གཞག་ཚན་པ་ནས་ཡོང་བའི་སློབ་མ་40གསོ་སྦྱོང་ནང་ཞུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནི་བོད་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ལས་རིཌ་ཚད་གཞི་དང་། བསླབ་གཞི། དཔྱད་ཞིབ་མ་ལག་བཅས་ཐོག་མར་སྤྱད་དེ་ཚད་ལྡན་ཅན་གྱི་གྲངས་འཛིན་ཤེས་ལྡན་པར་གསོ་སྦྱོང་བྱས་པ་ཞིག་ཡིན་པ་དང་གསོ་སྦྱོང་དུས་ཡུན་ཉིན་16ཡིན་ཞིང་། སྤྲིན་རྩིས་རྨང་གཞི་དང་། གསར་སྤེལ་ལག་རྩལ། ལས་སྟེགས་ཉེར་སྤྱོད། སྤྲིན་རྩིས་བདེ་འཇགས་སོགས་ཀྱི་ནང་དོན་ལ་དམིགས་ནས་རིགས་པའི་གཞུང་ལུགས་དང་དངོས་སྦྱོང་སློབ་ཁྲིད་སྤེལ་བ་མ་ཟད། སློབ་མ་འབྲེལ་ཡོད་ཁེ་ལས་ལ་མངགས་ནས་ས་ཡུལ་དངོས་སུ་སློབ་སྦྱོང་བྱེད་དུ་བཅུག་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་གསོ་སྦྱོང་དེ་རྒྱལ་ཁབ་རིམ་པའི་གྲངས་འཛིན་ལག་རྩལ་བཟོ་བཀོད་པའི་གསོ་སྐྱོང་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་བོད་དུ་ཐོག་མར་ལག་ལེན་བསྟར་བ་མ་ཟད། རྒྱུན་མཐུད་སློབ་གསོའི་སློབ་དུས་དང་གོ་མིང་ངོས་འཛིན་གཏན་འཁེལ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་ནང་དུའང་བཅུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།