དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལེའོ་ཉིང་རིག་གནས་སྤེལ་རེས་ལྟེ་གནས་བོད་ལྗོངས་ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པར་བསྐྲུན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-19

    འདི་ནི་ལེའོ་ཉིང་ཞིང་ཆེན་རྟེན་མཛོད་ཁང་གི་སྐོར་སྐྱོད་རྟེན་མཛོད་ཡན་ལག་ཁང་དུ་དགེ་སློབ་ཀྱིས་མཉམ་དུ་ལག་ཤེས་བཟོ་རྩལ་སྦྱོང་བཞིན་པ།

    ཉིན་ཤས་གོང་། “ལེའོ་ཉིང་རིག་གནས་སྤེལ་རེས་ལྟེ་གནས”ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པར་དངོས་སུ་བསྐྲུན་ཟིན་ཞིང་། དེའི་དམིགས་ཡུལ་ནི་ས་གནས་དེ་གའི་གཞོན་ནུ་ལོ་ཆུང་གི་རིག་གནས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་ས་གནས་དེ་གའི་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆབས་ཅིག་ལེའོ་ཉིང་དང་བོད་ལྗོངས་ས་གནས་གཉིས་པོའི་མཛའ་བརྩེ་ཟབ་ཏུ་གཏོང་རྒྱུ་དེ་རེད། བྱེད་ཐབས་དེ་ནི་ལེའོ་ཉིང་ཞིང་ཆེན་གྱིས“རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་བའི”སྤུས་རྟགས་བཏོད་དེ་རིག་གནས་ཀྱིས་བོད་ཀྱི་ཞིང་ས་བརླན་པར་བྱ་ཆེད་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ལེའོ་ཉིང་དང་ནག་ཆུས་མཉམ་སྐྲུན་བྱས་པའི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི“ལེའོ་ཉིང་རིག་གནས་སྤེལ་རེས་ལྟེ་གནས”ཀྱིས“འགྲེམས་སྟོན་དང་། བཀོལ་སྤྱོད། གསོ་སྐྱོང་། བློ་རིག”བཅས་གཞི་གཅིག་ཏུ་འདུས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོའི་ལག་ལེན་རྟེན་གཞི་དང་ལེའོ་ཉིང་དང་བོད་ཀྱི་རིག་གནས་སྤེལ་རེས་ལྟེ་གནས་ཤིག་རེད། ལྟེ་གནས་དེས་ལེའོ་ཉིང་ཞིང་ཆེན་གྱི་སྤུས་ལེགས་རིག་གནས་ཐོན་ཁུངས་བསྡུ་སྒྲིལ་གང་ལེཌ་བྱས་ཏེ“རྩོམ་རིག་དང་། རིག་གནས་འགྲེམས་ཚོགས། རིག་རྩལ། རིག་གནས་གསར་གཏོད”བཅས་མཉམ་འདྲེས་བཞིར་དམིགས་ཏེ་དྲ་ཐོག་དང་དྲ་ཕྱིའི་བྱེད་ཐབས་ནས་ལེའོ་ཉིང་གི་རིག་གནས་གངས་ལྗོངས་ས་མཐོའི་སློབ་གྲྭར་ཁྱབ་པར་བྱས་པ་མ་ཟད། སློབ་གྲྭ་ཡོངས་ཀྱི་དགེ་སློབ་3000ལྷག་ཙམ་ལ་བྱེད་ཐབས་སྣ་མང་དང་། རིམ་པ་ཟབ་པ། དབྱིངས་ཞུགས་རྣམ་པ་བཅས་ཀྱི་སྒོ་ནས་རིག་གནས་སྤེལ་རེས་བྱས་ཡོད། དེའི་ནང“རེ་ཆུའི་བརྩེ་བ་ཟབ། མཐའ་ཡས་ལེའོ་ཉིང་སྐྱིད”ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། ལེའོ་ཉིང་ཞིང་ཆེན་དཔེ་མཛོད་ཁང་གི་ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པའི་ཡན་ལག་ཁང་། ལེའོ་ཉིང་ཞིང་ཆེན་རྟེན་མཛོད་ཁང་གི་སྐོར་སྐྱོད་རྟེན་མཛོད་ཁང་གི་ཡན་ལག་ཁང་། ལེའོ་ཉིང་རི་མོ་ཁང་གི་གསར་གཏོད་ལག་ལེན་སློབ་གསོའི་རྟེན་གཞི། ལེའོ་ཉིང་ཞིང་ཆེན་རིག་གནས་ཁང་གི་མཛེས་རྩལ་གསོ་སྦྱོང་རྟེན་གཞི་སོགས་ཚུད་ཡོད་ལ། འགྲེམས་སྟོན་དང་། དཔེ་དེབ་ཞབས་ཞུ། མཛེས་རྩལ་གསོ་སྦྱོང་། ཞིབ་འཇུག་སློབ་སྦྱོང་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རིག་གནས་སྟེགས་བུ་བསྐྲུན་པ་དེ་དག་མི་རིགས་མཐུན་སྒྲིལ་དང་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གོམ་སྟབས་རྗེས་མར། “ལེའོ་ཉིང་རིག་གནས་སྤེལ་རེས་ལྟེ་གནས”ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་སྲུང་སྐྱོང་མཉམ་སྐྲུན་དཔེ་སྟོན་ས་ཚིགས་དང་། གྲངས་འཛིན་ཐོན་ཁུངས་ཡན་ལག་ལྟེ་གནས། རྩོམ་རིག་ཤེས་ལྡན་པ་གསོ་སྐྱོང་རྟེན་གནས། ཞིབ་འཇུག་སློབ་སྦྱོང་ལག་ལེན་རྟེན་གཞི་བཅས་བསྐྲུན་པར་མུ་མཐུད་སྐུལ་འདེད་བཏང་ནས་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།