དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་2025ལོའི་མཐོ་རྒྱུགས་ཀྱི་སློབ་བསྡུ་དང་འབྲིང་རྒྱུགས་ཀྱི་རྒྱུགས་བཅོས་ལས་དོན་ལ་སྐོར་གཟིགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-17

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་2025ལོའི་མཐོ་རྒྱུགས་ཀྱི་སློབ་བསྡུ་དང་འབྲིང་རྒྱུགས་ཀྱི་རྒྱུགས་བཅོས་སོགས་ཀྱི་ལས་དོན་བསྒྲུབས་ཚུལ་ལ་སྐོར་གཟིགས་མཛུབ་ཁྲིད་གནང་བ་དང་ལས་དོན་མི་སྣར་འཚམས་འདྲི་གནང་བ་རེད།

    སྐོར་གཟིགས་གནང་རིང་། ལང་ཧྥུའུ་ཁོན་གྱིས་མཐོ་རྒྱུགས་ཀྱི་སློབ་བསྡུའི་བརྒྱུད་རིམ་དང་། སློབ་བསྡུ་ཞིབ་བཤེར་ཞིབ་དཔྱད། སློབ་བསྡུ་བློ་འདྲི་དང་འབྲིང་རྒྱུགས་ཀྱི་རྒྱུགས་བཅོས་བཅས་ཀྱི་ལྷུ་ཚིགས་ཁག་གི་བརྒྱུད་རིམ་དང་ལས་དོན་བསྒྲུབས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ནི་མཐོ་རྒྱུགས་ལས་དོན་ཧྲིལ་པོའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་སློབ་བསྡུའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། འབྲིང་རྒྱུགས་ཀྱི་རྒྱུགས་བཅོས་ལས་དོན་དེ་རྨང་གཞིའི་སློབ་གསོའི་སྤུས་ཚད་གདེང་འཇོག་དང་འབྲེལ་བ་ཡོད་པས། ངེས་པར་དུ་རྒྱུགས་ཤོག་དཔྱད་བཤེར་བྱས་འབྲས་གནད་ལ་འཁེལ་ཞིང་ནོར་འཁྲུལ་མེད་པ་དང་དྲང་གཞག་དྲང་བདེན་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ལང་ཧྥུའུ་ཁོན་གྱིས། “ཉི་འོད་སློབ་བསྡུའི”སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ། ལྷུ་ཚིགས་ཚང་མ་ཚད་ལྡན་དང་ཁ་གསལ་ཡོང་བ་དང་། མཐོ་རྒྱུགས་ཀྱི་སློབ་བསྡུ་དང་འབྲིང་རྒྱུགས་ཀྱི་རྒྱུགས་ཤོག་བཅོས་པའི་ལས་དོན་བརྟན་ལ་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱས་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚང་མ་བློ་བདེ་པོ་དང་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།