དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་མཐོ་སློབ་ཀྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གནད་བསྡུས”ཀྱི་སློབ་ཚན་སློབ་ཁྲིད་སྒྱུར་བཅོས་དང་གསར་གཏོད་གླེང་སྟེགས་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-16

    ཉེ་ཆར། བོད་ལྗོངས་མཐོ་སློབ་ཀྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གནད་བསྡུས”ཀྱི་སློབ་ཚན་སློབ་ཁྲིད་སྒྱུར་བཅོས་དང་གསར་གཏོད་གླེང་སྟེགས་སྐབས་དང་པོ་བོད་ལྗོངས་མི་རིགས་སློབ་ཆེན་དུ་གཉེར་བ་དང་། རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིཌ་གཅིག་མཁས་ཅན་དང་འཐབ་ས་དང་པོའི་དགེ་རྒན་སོགས་གླེང་སྟེགས་ལ་གདན་དྲངས་ནས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གནད་བསྡུས”ཀྱི་སློབ་ཚན་བཀོད་སྒྲིག་བྱེད་སྟངས་ཀྱི་བསམ་བློ་གསར་པ་དང་བྱ་ཐབས་གསར་པར་མཉམ་དུ་གྲོས་བསྡུར་བྱས་པ་རེད།

    གླེང་སྟེགས་རིང་། ཏ་ལེན་མི་རིགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཧ་ཀྲེང་ལི་ཡིས《“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་རིག་པའི”སྐད་བརྡའི་མ་ལག་གི་གསར་གཏོད》བརྗོད་དོན་གཙོ་བོར་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གནད་བསྡུས”ཀྱི་བསླབ་གཞིར་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ནས་ཐོལ་བརྒལ་བྱུང་བར་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། ཀྲུང་དབྱང་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཡོན་ཀྲང་། དགེ་རྒན་ཆེ་མོ་བཅས་ཡིན་པའི་ཁུང་ཤིན་ཧྥུང་གིས“ལོ་རྒྱུས་ཀྱི་མཐའ་དཔྱོད་དབང་ཆ”དང“ལོ་རྒྱུས་ཀྱི་ལྟ་བར”དམིགས་ནས་རྒྱས་བཤད་བྱས་ཏེ་སློབ་ཚན་སློབ་ཁྲིད་ལ་རིགས་པའི་གཞུང་ལུཌ་ཀྱི་ལྟ་ཚུལ་གསར་པ་བཏོན་ཡོད། སློབ་ཁྲིད་དཔེ་སྟོན་གྱི་ལྷུ་ཚིགས་སུ་འཐབ་ས་དང་པོའི་དགེ་རྒན་ཚོས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་གནད་བསྡུས”ཀྱི་སློབ་ཚན་གྱི་ཚན་པ་དྲུག་གི་ནང་དོན་ལ་དམིགས་ནས་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱས་ཏེ་སློབ་ཚན་སློབ་ཁྲིད་དང་དུས་རབས་ཀྱི་བརྗོད་དོན་དང་ས་ཁོངས་ཀྱི་ཁྱད་ཆོས་འབྲེལ་མཐུད་དམ་ཟབ་བྱེད་སྟངས་འབུར་དུ་ཐོན་པར་བྱས་ཡོད། སློབ་ཁྲིད་བགྲོ་གླེང་གི་ལྷུ་ཚིགས་སུ་ཚོཌ་ཞུགས་རིཌ་གཅིག་མཁས་ཅན་དང་དགེ་རྒན་གྱིས་སློབ་ཚན་འཛུགས་པ་དང་། སློབ་ཁྲིད་སྒྱུར་བཅོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཚང་མས་རང་རང་གི་ལྟ་སྟངས་བརྗོད་དེ་སློབ་ཚན་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད།

    བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས། ད་ཐེངས་གཉེར་བའི་གླེང་སྟེཌ་ཀྱི་ངོས་ནས་བརྗོད་ན། སློབ་ཁྲིད་ཀྱི་ཉམས་མྱོང་ཕྱོཌ་སྡོམ་དང་། སློབ་ཁྲིད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། སློབ་ཁྲིད་ཀྱི་དུས་རབས་རང་བཞིན་མངོན་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།