དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • “ཚན་རིག་མཁས་ཅན་གྱི་སྙིང་སྟོབས་འཆད་སྟེགས་བརྒྱ” བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-10

    ཉེ་ཆར། “ཚན་རིག་མཁས་ཅན་གྱི་སྙིང་སྟོབས་འཆད་སྟེགས་བརྒྱའི”སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་བྱས་པ་དང་། ཆུ་འབྲས་སོན་སྤུས་ཐོན་ཁུངས་རིག་པ་མཁས་ཅན་དང་། ཡ་ཀྲོའུ་དབེན་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བཅས་ཡིན་པའི་ཆན་ཆན་གྱིས《ནན་ཧྥན་སྭེལ་རོང——ཞིང་ལས་ཐོན་སྐྱེད་ནུས་ཤུགས་གསར་མའི་རིམ་འདས་སྒུལ་ཤུགས》ཞེས་འགོ་བརྗོད་དུ་འཁོད་པའི་བརྗོད་དོན་གཙོ་བོའི་སྙན་ཞུ་བྱས་པ་རེད།

    ཆན་ཆན་གྱིས“བོད་ལ་ཐོན་མཐོའི་དགུན་གྲོ་ནང་འདྲེན་བྱེད་མཁན་དང་པོ”ཀྲོང་ཆའོ་ཧྲེང་དང་། “ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་མཁན”ཀྲུང་གཡང་། “དེང་རབས་ཀྱི་ནས་བོན་གསོ་བའི་ལག་ལེན་པ”ཉི་མ་བཀྲ་ཤིས་བཅས་ཚན་རྩལ་ལས་དོན་པ་གསུམ་གྱིས་བོད་ལ་ཕུལ་བའི་བྱས་རྗེས་བརྗོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་རྒྱལ་ཡོངས་ཚན་རིག་ཀུན་སྤྱོད་དང་སློབ་སྲོལ་འཛུགས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཚན་རིག་ལག་རྩལ་ཁྱབ་སྤེལ་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས། བོད་ལྗོངས་ཞིང་འབྲོག་སློབ་ཆེན། འོད་ཟེར་དྲ་བ་བཅས་ཀྱིས་སྒྲུབ་འགན་འཁུར་བ་དང་བྱེད་སྒོ་དེ་ཡང་བོད་ལྗོངས་ཞིང་འབྲོག་སློབ་གླིང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་མིང་བསྒྱུར་རྗེས་གཉེར་བའི་བྱེད་སྒོ་ཆེ་གྲས་ཐོག་མ་དེ་རེད།

    གོམ་སྟབས་རྗེས་མར། “ཚན་རིག་མཁས་ཅན་གྱི་སྙིང་སྟོབས་འཆད་སྟེགས་བརྒྱའི”བྱེད་སྒོ་རབ་དང་རིམ་པའི་ནང་འཐབ་ཇུས་ཀྱི་ཚན་རིག་མཁས་ཅན་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ། ཕུལ་བྱུང་བཟོ་སྐྲུན་པ་བཅས་མུ་མཐུད་གདན་འདྲེན་ཞུས་ནས་སློབ་གྲྭ་དང་། ཁང་དང་སུའོ། ཁེ་ལས། གླིང་ཁུལ་བཅས་སུ་ཁོང་ཚོའི་ཕུལ་བྱུང་གི་བྱས་རྗེས་དང་རྩ་ཆེའི་སྙིང་སྟོབས་བརྗོད་ནས་གཞོན་ནུ་ཚན་རྩལ་ལས་དོན་པ་དང་སློབ་མར་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།