དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་རིག་དངོས་སྲུང་སྐྱོང་དྲིལ་བསྒྲགས་སློབ་གསོ་ཁྱབ་གདལ་གྱི་བྱེད་སྒོ་སློབ་གྲྭར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-04

    འདི་ནི་བྱང་ཐང་བུད་མེད་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་མིས་སློབ་མར་འབྲེལ་ཡོད་རིག་གནས་བསམ་བཀོད་ཐོན་རྫས་སྤྲོད་བཞིན་པ།

    རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་བྱང་ཐང་བུད་མེད་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་སྒྲིག་འཛུཌ་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དུ་བསྐྱོད་ནས“རིག་གནས་ཀྱི་ཤུལ་བཞག་སྲུང་། ལོ་རྒྱུས་ཀྱི་ཤེས་རྒྱུན་འཛིན”ཞེས་པའི་བརྗོད་དོན་གཙོ་བོའི་རིག་དངོས་སྲུང་སྐྱོང་དྲིལ་བསྒྲགས་སློབ་གསོ་ཁྱབ་གདལ་གྱི་བྱེད་སྒོ་སློབ་གྲྭར་སྤེལ་བ་རེད།

    ཚང་མས་བྱང་ཐང་བུད་མེད་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གི་གཏམ་རྒྱུད་ཉན་པ་བརྒྱུད། རིག་དངོས་སྲུང་སྐྱོང་ཐད་ངོས་འཛིན་ཐུབ་ཚད་དང་ཤེས་རྟོགས་ཐུབ་ཚད་སྔར་བས་མཐོ་རུ་ཕྱིན་སོང་། སླད་ཕྱིན་རིག་དངོས་སྲུང་སྐྱོང་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།