དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • 2025ལོའི་དྲ་རྒྱའི་ཤེས་དཔལ་སློབ་གྲྭར་ཁྱབ་གདལ་གཏོང་བའི་དྲ་ཕྱིའི་བྱེད་སྒོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-23

    ཚེས་21ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། སྡེ་ཚོགས་ལྗོངས་ཨུ་ལྷན། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་བཅས་ཀྱིས་མཉམ་དུ་གཉེར་བའི་2025ལོའི་དྲ་རྒྱའི་ཤེས་དཔལ་སློབ་གྲྭར་ཁྱབ་གདལ་གཏོང་བའི་དྲ་ཕྱིའི་བྱེད་སྒོ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་གཉེར་ཞིང་། བྱེད་སྒོའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བསམ་བློ་ཀུན་སྤྱོད་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ཤེས་དཔལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ། ལྗོངས་ཡོངས་ཀྱི་དྲ་དམངས་དང་། ལྷག་པར་དུ། གཞོན་ནུ་ལོ་ཆུང་ཚོས་དུས་རབས་གསར་པའི་དྲ་རྒྱའི་ཤེས་དཔལ་དར་སྤེལ་གཏོང་མཁན་དང་། ལག་ལེན་བསྟར་མཁན། སྲུང་སྐྱོང་བྱེད་མཁན་བཅས་བརྩོན་ལེན་བྱེད་པར་ཁྲིད་སྟོན་གྱིས་མཉམ་དུ་སྲོལ་བཟང་སྤྱོད་བཟང་དང་ཡ་རབས་ངང་དྲ་རྒྱར་ཞུགས་པའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་རེད།

    བྱེད་སྒོའི་ཐོག་ད་དུང་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་བའི་དྲ་རྒྱའི་དགེ་རྒན་ལུའུ་ཁྲུན་གདན་འདྲེན་ཞུས་ནས་དྲ་རྒྱའི་ཤེས་བྱ་འཆད་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།