དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་གྱིས་2025ལོའི་སློབ་ཐོན་མཛད་སྒོ་དང་སློབ་གནས་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-21

    ཚེས་19ཉིན་གྱི་ཕྱི་དྲོར། བོད་ལྗོངས་སློབ་ཆེན་གྱིས་2025ལོའི་སློབ་ཐོན་མཛད་སྒོ་དང་སློབ་གནས་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་མ་ཟད། སློབ་ཐོན་སློབ་མའི་འཐུས་མིར་སློབ་གནས་ལག་ཁྱེར་དང་སློབ་ཐོན་ལག་ཁྱེར་སྤྲད་གནང་བ་རེད།

    མཛད་སྒོའི་ཐོག་སུན་ཤན་ཀྲུང་གིས་སློབ་ཐོན་སློབ་མ་རྣམས་ལ་སློབ་གྲྭ་ནས་སྦྱངས་པའི་ཤེས་བྱ་དང་འཇོན་ནུས་དེ་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སུ་སྤྱོད་པ་དང་ལས་གནས་དཀྱུས་མ་རེ་རེ་ནས་སྤྱི་ཚོགས་མདུན་སྐྱོད་ལ་དངོས་སུ་སྐུལ་འདེད་གཏོང་བའི་བྱ་གཞག་ནང་ཞུགས་ཏེ། འབད་འཐབ་ལམ་བུའི་ཐོག་གི་རང་ཉིད་དང་ལང་ཚོར་ངོ་གནོང་མི་དགོས་པ་ཞིག་བྱས་ནས་མི་ཚེའི་འོད་སྟོང་འཕྲོ་བའི་ལེའུ་རྩོམ་དགོས་པའི་ཁ་ཏ་བསླབ་བྱ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།