དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་ཁྱིམ་ཚང་དང་སློབ་གྲྭ་མཉམ་འགུལ་བྱས་ནས་གསར་བརྗེའི་གཏམ་རྒྱུད་བྱིས་པའི་སེམས་ལ་ཟུག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སློབ་གསོ་ཁོངས་གཏོགས་ཀྱིས་སློབ་སྦྲེལ་མནའ་འབྲེལ་ཚན་པར་བྱས་ནས“གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གཏམ་རྒྱུད་གྱེར་འདོན་འགྲན་བསྡུར་ཏེ“སློབ་མ་དང་ཁྱིམ་བདག་གིས་གསར་བརྗེའི་གཏམ་རྒྱུད་ཤོད་པའི”བྱེད་སྒོ་སྤེལ་བ་རེད།

    འགྲན་ཞུགས་ཁྱིམ་ཚང་གིས་ཆབ་མདོའི་གསར་བརྗེའི་ལོ་རྒྱུས་ལ་གཞིགས་ནས《ཕ་ཡུལ་གྱི་འགྱུར་ལྡོག》དང《ཆབ་མདོའི་བཅིངས་འགྲོལ་གཏམ་རྒྱུད》སོགས་ཡུལ་དེ་གའི་བརྗོད་བྱ་བདམས་ཏེ། ཕ་མ་བུ་ཕྲུག་གི་གྱེར་འདོན་དང་ཡུལ་རྣམ་འཁྲབ་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད། ཆབ་མདོའི་བཅིངས་འགྲོལ་གྱི་ལོ་རྒྱུས་ལམ་བུ་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་རེད།

    འགྲན་ཞུགས་སློབ་མ་བྱང་ཆུབ་སྒྲོལ་མས“སློབ་གྲྭས་ང་ལ་རང་ཉིད་ཀྱི་འཇོན་ཐང་ངོམ་པའི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་བརྗོད། བྱ་དགའ་ཐོབ་པའི་ཁྱིམ་བདག་གིས“ངའི་བུ་དུས་རྒྱུན་ནས་གསར་བརྗེའི་གཏམ་རྒྱུད་སྐོར་གྱི་དེབ་ལྟ་བར་ཧ་ཅང་དགའ་པོ་ཡོད་ལ། ང་ལ་མཉམ་སྤྱོད་ཀྱང་བྱེད་ཀྱི་འདུག ཕ་མ་བུ་ཕྲུག་དབར་གྱི་མཉམ་འགུལ་འདི་ལྟ་བུ་དོན་སྙིང་ཆེན་པོ་འདུག”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།