ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་སྨན་བཅོས་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་སྨན་བཅོས་ལྟེ་གནས་དང་པེ་ཅིང་གསོ་རིག་བྱ་དགའ་ཐེབས་རྩ་ལྷན་ཚོགས་ཀྱི་རྐང་ལག་སྨན་བཅོས་སྤྱི་ཕན་རྣམ་གྲངས་ཀྱི་དམིགས་འཛུགས་སྨན་བཅོས་ཚན་པའི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དེ་ཐོག་ནས་བོད་ལྗོངས་ས་ཁུལ་གྱི་རྐང་ལག་ཡ་མ་གཟུགས་སྨན་བཅོས་ཞབས་ཞུ་དུས་མཚམས་གསར་པར་སླེབས་ཏེ། “ནད་ཆེན་བོད་ནས་བཅོས་ཐུབ་པའི”དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱས་ནས་ས་མཐོའི་མང་ཚོགས་ལ་བརྒྱུད་རིམ་ཧྲིལ་པོའི་སྨན་བཅོས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད།