སྤྱི་ཚོགས་ཁག་གིས་གཅེས་སེམས་ཟབ་མོ་བཅངས། ན་གཞོན་སློབ་མས་ཕུགས་འདུན་འགྲུབ་ལ་འབད།
—— 2025ལོའི་བོད་ཀྱི་མཐོ་རྒྱུགས་ཀྱི་ཉིན་དང་པོའི་མཐོང་ཐོས།
ཟླ་6ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་མཐོ་རིམ་སློབ་འབྲིང་གི་རྒྱུགས་རར་སློབ་མས་རྒན་ལགས་དང་ལག་པ་བཏང་ནས་སེམས་ཤུགས་འཕེལ་བར་བྱེད་པ།
ཟླ་6ཚེས་7ཉིན། འགྲིམ་འགྲུལ་ཉེན་རྟོག་པས་ལྷ་ས་སློབ་འབྲིང་གི་རྒྱུགས་རའི་ལམ་རྒྱུད་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ།
ཟླ་6ཚེས་7ཉིན། ལྷ་ས་སློབ་འབྲིང་གི་རྒྱུགས་ཚུགས་སུ་སློབ་མས་བང་བསྒྲིགས་ནས་རྒྱུགས་རར་འཛུལ་རྩིས་བྱེད་པ།
ཟླ་6ཚེས་7ཉིན་ནི་མཐོ་རྒྱུགས་ཀྱི་ཉིན་དང་པོ་རེད།
ཞོགས་པ་ལྷ་སར་ཆར་པ་སིམ་སིམ་བབས་ནས་དབྱར་དུས་སུ་སིལ་ལ་ཞི་འཇམ་གྱི་ཚོར་སྣང་ཞིག་སྦྱིན། ལྗོངས་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་ཁྲི་3.6གིས་ཕུགས་བསམ་བློ་ལ་བཅངས་ནས་རྒྱུགས་རར་བསྐྱོད།
ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་རྒྱུགས་རའི་སྒོ་འགྲམ་དུ། བོད་དམག་ཁུལ་ཁང་ལྷ་ས་བརྒྱད་གཅིག་སློབ་གྲྭའི་མཐོ་རིམ་འཛིན་གྲྭ་གསུམ་པའི་ཀྲུའུ་རེན་དབྱིན་མིང་ཝང་དང་དགེ་རྒན་གཞན་གཉིས་ཀྱིས་སློབ་ཕྲུག་ཚོར་ལག་པ་བཏང་ནས་སྐུལ་ལྕག་བྱེད་བཞིན་འདུག “བྱ་སྤྱོད་ཆུང་ཆུང་དེ་དག་ནི་སེམས་ཤུགས་ཀྱི་རྒྱབ་སྐྱོར་ཡིན་ལ། བརྩེ་དུང་མཚོན་ཆེད་ཅིག་དེ་བས་རེད། སློབ་ཕྲུག་ཚོས་སེམས་པ་བག་ཕེབས་ངང་ཡིག་རྒྱུགས་གཏོང་ཐུབ་པའི་རེ་བ་ཡོད”ཅེས་དབྱིན་མིང་ཝང་གིས་བཤད།
ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ནས་ལངས་པའི་ལྷ་ས་སློབ་འབྲིང་མཐོ་རིམ་ལོ་རིམ་གསུམ་པའི་དབྱིན་ཡིག་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཡིད་བཟང་མཚོ་མོས་ཡིག་རྒྱུགས་གཏོང་མཁན་སློབ་མ་ཚོར་རང་ཉིད་ཀྱིས་བཟོས་པའི་ཞལ་ཏོག་གཏོང་བཞིན་འདུག “ཆར་པ་བབས་ནས་ལམ་དེ་བས་གཙང་མ་ཆགས་པ་མ་ཟད། སློབ་ཕྲུག་ཚོའི་རིག་པ་ཡང་གསིར་པོར་གྱུར་ཡོད་པས་སློབ་ཕྲུག་ཚོས་ཡིག་རྒྱུགས་ཡག་པོ་གཏོང་ཐུབ་ངེས་ཀྱི་ཡིད་ཆེས་ཡོད” རང་ཉིད་ཀྱི་སློབ་མ་རྣམས་གྲུང་ཤ་དོད་པོས་རྒྱུགས་རར་འཛུལ་བ་མཐོང་སྐབས་ཁོང་གི་སེམས་ལྷོད་དུ་བབས།
“ངའི་བུ་མོ་རྒན་པ་རྒྱུགས་རར་འཛུལ་ཚར་སོང་། བུ་མོ་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་འགྲོ་འདོད་ཆེན་པོ་འདུག དེ་རིང་ང་ཚོས་བུ་མོར་ཉི་མ་མེ་ཏོག་གྲ་སྒྲིག་བྱས་ཡོད། དེ་ལས་བུ་མོའི་བསམ་འདུན་འགྲུབ་པའི་རེ་བ་ཡོད” བཀྲ་ཤིས་རྒྱལ་གྱིས་གསར་འགོད་པར་དེ་རིང་བུ་མོ་ཆུང་བའང་མཉམ་དུ་ཁྲིད་ཡོད། གཅིག་ནས་ཨ་ཅག་ལ་སེམས་ཤུགས་སྤྲོད་ཆེད་དུ་ཡིན་ལ། གཉིས་ནས་མཐོ་རྒྱུགས་ཀྱི་རྣམ་པ་མྱོང་རོལ་ཐུབ་པར་བྱས་ཏེ་ཕྱིས་སུ་སློབ་སྦྱོང་གི་སེམས་ཤུགས་འཕེལ་ཐུབ་པའི་ཆེད་དུ་ཡིན་ཞེས་བཤད།
ཡིག་རྒྱུགས་གཏོང་མཁན་སློབ་མ་རྣམས་བདེ་བླག་ངང་རྒྱུགས་རར་སྐྱོད་ཐུབ་ཆེད། རང་ལྗོངས་ཀྱི་སྡེ་ཚན་མང་པོས་མཉམ་དུ། “2025ལོའི་མཐོ་རྒྱུགས་སློབ་མ་སྲུང་སྐྱེལ་བྱ་སྤྱོད”སྤེལ་ཏེ་བདེ་འཇགས་ལ་དོ་དམ་ཚོད་འཛིན་དང་། འགྲིམ་འགྲུལ་གཤོང་བ། ཟ་ཁང་དང་ཉལ་ཁང་གི་གཙང་སྦྲ། འཛེར་སྒྲ་བཅོས་སྒྲིག་སོཌ་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་འགན་འཁྲིའི་ལས་བགོས་ཞིབ་ཚཌ་སུ་བཏང་བ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ཡོད།
མིག་སྔར་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་སོགས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཐོབ་ཐང་ལག་ཁྱེར་བཟོ་མཁན་མཐོ་རྒྱུཌ་སློབ་མར“ལྗང་མདོག་བགྲོད་ལམ”བཙུགས་ནས་ཐོབ་ཐང་ལག་ཁྱེར་བཟོ་མཁན་རྒྱུཌ་སྤྲོད་སློབ་མར་གཞན་གྱི་སྔོན་ལ་ཐོབ་ཐང་ལག་ཁྱེར་བཟོས་ཡོད། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རྒྱུགས་རའི་མཐའ་འཁོར་ཟ་ཁང་གི་བཟའ་བཅའི་བདེ་འཇཌ་ལ་ཞིབ་བཤེར་བྱ་རྒྱུར་ཤུཌ་སྣོན་བརྒྱབ་ནས་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱིས་ཨར་ལས་ཀྱི་འཛེར་སྒྲ་དང་ཚོང་ལས་ཀྱི་དྲིལ་བསྒྲགས་སྐད་སྒྲར་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡིག་རྒྱུགས་གཏོང་མཁན་སློབ་མ་ཚོར་ཁ་ཁུ་སིམ་པའི་ཁོར་ཡུག་བསྐྲུན་ཡོད།
ལྷ་ས་གྲོང་ཁྱེར་ཧེང་ཨན་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་བདལ་གཏོང་རླངས་འཁོར་49ལས་གྲུབ་པའི་ལྷ་ས་ལེ་ཧྥུང་ལ་སློབ་སྦྱོང་ཞུ་བའི་བདལ་གཏོང་རླངས་འཁོར་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་པ་དང་བོད་ལྗོངས་ཧྲུན་ཏའོ་ཚན་རྩལ་ཚད་ཡོད་ཀུང་སིས་རླངས་འཁོར་120སྒྲིག་འཛུགས་བྱས་ནས“ཡིག་རྒྱུགས་གཏོང་མཁན་སློབ་མ་སྐྱེལ་བའི་གཅེས་སེམས”བྱེད་སྒོར་ཞུགས་ཡོད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱུགས་ར་14རུ་སློབ་མ་སྐྱེལ་མཁན་རླངས་འཁོར་61བཀོད་སྒྲིག་བྱས་ཡོད། མི་དམངས་ཉེན་རྟོག་པ་ཀུའོ་དབྱི་ཅུན་གྱིས“ཟླ་6ཚེས་7ནས་9ཉིན་བར་ང་ཚོས་ནུས་ཤུགས་ཡོད་རྒུས་རྒྱུགས་རར་སྐྱོད་སའི་ལམ་བདེ་འཇགས་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད།