བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“གཅེས་སེམས་ལས་རེ་བ་སྦྱིན། དཔེ་ཀློག་ལས་འབྱུང་འགྱུར་གཏོད”ཅེས་པའི་སློབ་སྐྱོར་བྱེད་སྒོ་མཉམ་དུ་སྤེལ་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་སློབ་ཆུང་དང་མཉམ་དུ“གཅེས་སེམས་ལས་རེ་བ་སྦྱིན། དཔེ་ཀློག་ལས་འབྱུང་འགྱུར་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་སྐྱོར་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། སྤུན་དོག་སྟོད་གོས་དང་། ཁ་དཀྲིས། སློབ་སྦྱོང་ཡོ་བྱད། དཔེ་དེབ་སོགས་ཞལ་འདེབས་བརྒྱབ་པ་དང་། དེའི་དམིགས་ཡུལ་ནི་ཤར་ནུབ་རྒྱུད་ཀྱི་ཁྲལ་དོན་མཉམ་སྒྲུབ་བྱེད་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། དཔེ་ཀློག་ལ་སྣེ་ཁྲིད་དང་། བསམ་བློར་ཁྲིད་སྟོན། གསར་གཏོད་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ལས་དོན་ཁྲོད་ལས་བཟོའི་དཔེ་ཀློག་ཁང་གི་དགེ་མཚན་ལྡན་པའི་ནུས་པ་རྒྱུན་མཐུད་འདོན་པ། དཔེ་ཀློག་ལ་བརྟེན་ནས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ཏེ། ཕྲུ་གུ་ཚོའི་བསམ་བློ་ཕུན་སུམ་ཚོགས་སུ་དང་གཟུགས་པོ་ཐང་དུ་འགྲོ་བར་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།