“དཔྱིད་ཐིའུ་འཆར་གཞི”ཡིས་གཞིས་རྩེ་གྲོང་ཁྱེར་གྱི་འཚོ་བར་དཀའ་ངལ་ཡོད་པའི་ན་ཆུང་བུ་མོའི་ཕུགས་འདུན་སྒྲུབ་རོགས་བྱས་པ།
2020ལོ་ཚུན་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་132.66སྤྲད་པས་ན་ཆུང་བུ་མོ་2379ལ་ཕན་པ་ཐོབ་པ།
ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2024ལོའི་མཁའ་དམག་གི“དགུང་སྔོན་དཔྱིད་ཐིའུ་འཆར་གཞི”ཡི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ནས་འཚོ་བར་དཀའ་ངལ་ཡོད་པའི་མཐོ་འབྲིང་གི་སློབ་མ་བུ་མོ་25ལ་སློབ་སྐྱོར་རོགས་དངུལ་སྤྲད་པ་རེད།
“དཔྱིད་ཐིའུ་འཆར་གཞི”ནི་ཀྲུང་གོའི་བྱིས་པ་ལོ་ཆུང་ཐེབས་རྩ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་ནས་སྒྲིག་འཛུགས་ལག་བསྟར་བྱས་པའི་ཁྱིམ་ཚང་དབུལ་པོའི་ན་ཆུང་བུ་མོར་སློབ་གསོ་ཐོབ་ལེགས་སུ་གཏོང་རྒྱུར་གཞོལ་བའི་སྤྱི་ཕན་རྣམ་གྲངས་ཤིག་རེད།
ད་ཐེངས་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་སྐབས་མཐོ་འབྲིང་དུས་མཚམས་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་འཚོ་བར་དཀའ་ངལ་ཡོད་པའི་སློབ་མ་བུ་མོར་རོགས་རམ་བྱ་རྒྱུར་དམིགས་ནས། འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ཏེ་མཐིལ་རྟོགས་བརྟག་ཞིབ་དང་ཐོབ་ཐང་ལ་ཞིབ་བཤེར་ཡང་ཡང་བྱས་པ་བརྒྱུད། རོགས་པ་བྱེད་དགོས་ངེས་ཀྱི་སློབ་མའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་དངོས་འབྲེལ་ཡང་དུ་བཏང་སྟེ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པར་རོགས་རམ་ཐུབ་པའི་འགན་ལེན་བྱས་ཡོད།