དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་སྒྱུར་བཅོས་དང་། གྲངས་འཛིན་ནུས་སྤྲོད། ལམ་སྲོལ་འཐུས་ཚང་སོགས་ཀྱི་ལས་དོན་གཙོ་གནད་དུ་ཡག་པོ་བསྒྲུབས་ནས།

    མང་ཚོགས་ལ་སྨན་བཅོས་འགན་བཅོལ་ཡོད་པ་དང་ཞབས་ཞུར་འགན་སྲུང་ཐུབ་པའི་བརྩོན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    ཉེ་ཆར། 2025ལོའི་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ལས་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་2024ལོའི་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་དང་2025ལོའི་སྨན་བཅོས་འགན་སྲུང་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ལེགས་བཟང་གིས་2025ལོར་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ལས་དོན་དེ་སྨན་བཅོས་འགན་སྲུང་དང་། སྨན་བཅོས་སྒྱུར་བཅོས། གྲངས་འཛིན་མཐུན་སྦྱོར། ནད་གཞིས་རྐྱེན་པས་དབུལ་འགྱུར་དབུལ་ལོག་སྔོན་འགོག་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་སྤེལ་རྒྱུ་རེད།

    འགན་བཅོལ་ལ་ཞུགས་པའི་དཀའ་གནད་བསལ་བ།

    འགན་བཅོལ་ལ་ཞུགས་པའི་དམིགས་ཚད་ལེཌ་འགྲུབ་ཐུབ་ཚད་100%ཡན་ཟིན་པའི་འགན་ལེན་བྱེད་པ།

    ད་ལོ་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཁོངས་གཏོགས་ཀྱིས་ལམ་ལུགས་ནན་པོར་གཞིགས་ནས་ཐེབས་རྩའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་། གནད་སྨིན་གྱི་བྱེད་ཐབས་ལ་བརྟེན་ནས་དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་ཁྱབ་ཚད་མངོན་འགྱུར་ཐུབ་པར་བྱས་ཏེ་ལས་རྣམ་གསར་པའི་ལས་ཞུགས་པའི་འགན་བཅོལ་ལ་ཞུགས་པའི་དཀའ་གནད་བསལ་ནས་ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ལ་ཞུགས་པའི་དམིགས་ཚད་100%ཟིན་པའི་འགན་ལེན་བྱ་རྒྱུ་དང་དུས་མཚུངས་ཕྲུ་གུ་སྐྱེས་མ་ཐག་འགན་བཅོལ་ལ་ཞུགས་པ་དང་ཕྱོགས་མི་དུས་ཐོག་ཏུ་འགན་བཅོལ་ལ་ཞུགས་ཐུབ་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟབས་བསྟུན་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས་སྨན་བཅོས་སྐྱོབ་རོགས་མ་དངུལ་དུས་ཐོག་ཏུ་སྟངས་འཛིན་བྱེད་པ་དང་དམིགས་ས་ཡོད་པའི་སྒོ་ནས་གཏོང་སྤྲོད་ཐུབ་པ་བྱ་རྒྱུ་རེད།

    གཏོང་སྤྲོད་ཀྱི་ཚན་རིག་རང་བཞིན་དང་ལུཌ་མཐུན་རང་བཞིན་ཆེ་རུ་བཏང་བ།

    ལྷ་སའི“DIP2.0”གཏོང་སྤྲོད་མ་ལག་གཏིང་ཟབ་འཛུགས་པ།

    ལྷ་ས་གྲོང་ཁྱེར་གྱིས་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཚད་བརྒལ་སར་བྱས་ནས་ལྷ་སའི་ཁྱད་ཆོས་ལྡན་པའི“DIP2.0”གཏོང་སྤྲོད་མ་ལག་གཏིང་ཟབ་འཛུགས་པ་དང་། ནད་རིགས་དཀར་ཆག་མཛོད་བཟང་སྒྲིག་དང་གཏོང་སྤྲོད་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གཏོང་སྤྲོད་བྱེད་སྟངས་ཀྱི་ཚན་རིག་རང་བཞིན་དང་ལུགས་མཐུན་རང་བཞིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུ་རེད།

    དུས་མཚུངས་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་སྨན་བཅོས་འགན་བཅོལ་གྱི་བསྡོམས་འབོར་གཏོང་སྤྲོད་ཀྱི་སྡེབ་སྒྲིལ་གཏོང་སྤྲོད་ཚོད་ལྟའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ལས་སྒོའི་མཛུབ་ཁྲིད་དང་མ་དངུལ་ཞིབ་རྩིས་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། སྨན་བཅོས་ལས་ཁུངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐད་ཀའི་མཇུག་རྩིས་ཀྱི་ཁྱབ་ཁྱོན་རིམ་བཞིན་ཆེ་རུ་བཏང་ནས་ཚད་ལྡན་མཉམ་ལས་དང་སྤྱི་འདོམས་དོ་སྙོམས་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ལམ་སྲོལ་འཛུགས་པ་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནུས་པ་དང་ཟུང་འབྲེལ་བྱས་ཏེ་སྨན་བཅོས་འགན་བཅོལ་དང་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱིས་དུས་ཐོག་ཏུ་མཇུག་རྩིས་རྒྱག་པ་དང་གསོ་རིག་ཁེ་ལས་ཀྱིས་ཐད་ཀར་མཇུག་རྩིས་རྒྱག་ཚད་རྒྱུན་མཐུད་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་མ་ལག་གི་མ་དངུལ་འཁོར་རྒྱུག་གི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད།

    གྲངས་འཛིན་མཐུན་སྦྱོར་ལ་བརྟེན་ནས་སྨན་བཅོས་འགན་སྲུང་བྱས་པ།

    “ཨང་རྟགས་གསུམ་མཉམ་འདྲེས”ཀྱི་རིག་ལྡན་ཞབས་ཞུའི་མ་ལག་འཛུགས་པ།

    ལྷ་ས་གྲོང་ཁྱེར་གྱིས“ཨང་རྟགས་གསུམ་མཉམ་འདྲེས”ཀྱི་རིག་ལྡན་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ་སྨན་བཅོས་འགན་བཅོལ་ཨང་རྟགས་དང་། སྨན་རྫས་ཁུངས་འདེད་ཨང་རྟགས། སྨན་བཅོས་ཞབས་ཞུའི་ཨང་རྟགས་བཅས“ཨང་རྟགས་གཅིག་གིས་ཀུན་སྒྲུབ”དང་རིམ་གཉིས་ཡན་གྱི་སྨན་བཅོས་ལས་ཁུངས་སུ“གདོང་བཤེར་མཇུག་རྩིས”ཀྱི་ཚོར་མེད་སྨན་བཅོས་དཔེ་དབྱིབས་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད།

    དུས་མཚུངས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་གྲངས་གཞིའི་ཆེད་སྒྲུབ་ཁུལ་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་གྱི་གྲངས་གཞི་དེ་རིམ་མཚུངས་ཀྱི་སྲིད་དོན་སྡེ་ཚན་གཞན་དག་དང་སྡེ་ཚན་བརྒལ་བའི་གྲངས་གཞི་མཉམ་སྤྱོད་བརྗེ་རེས་ཐུབ་པ་དང་། གཞུང་ཕྱོགས་ནས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་མཉམ་སྤྱོད་གྲངས་གཞི་རག་ཐབས་བྱས་ཏེ་ལྷ་སའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་གྲངས་གཞིའི་མཛོད་བཙུགས་ཐོག སྨན་བཅོས་འགན་བཅོལ་གྱི་གྲངས་གཞི་དེ་ཚེ་སྲོག་འཁོར་ཡུན་ཧྲིལ་པོར་མ་ལག་ཅན་གྱི་དོ་དམ་མངོན་འགྱུར་ཐུབ་པར་བྱ་རྒྱུ་རེད། “ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་རིག་བཅས་ཀྱི་མཉམ་ལས་ཞབས་ཞུའི་ལས་སྟེགས”བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས“རིན་གོང་གི་རེག་བརྡའི”བྱ་རིམ་ཆུང་ངུ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་སྨན་ཉོ་བའི་གནས་ཚུལ་ཤེས་དབང་དང་གདམ་གའི་དབང་ཆར་སྲུང་སྐྱོང་དེ་བས་ཡག་པ་བྱ་རྒྱུ་རེད།

    འགག་རྩའི་འགོག་སྲུང་འཛིང་རགས་བརྟན་སྲུང་བྱས་པ།

    ནད་གཞིས་རྐྱེན་པས་དབུལ་འགྱུར་དབུལ་ལོག་སྔོན་འགོག་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།

    ལྷ་ས་གྲོང་ཁྱེར་གྱིས་ནད་ཕོག་ནས་དབུལ་འགྱུར་དབུལ་ལོག་བྱས་པར་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྨན་བཅོས་འགན་བཅོལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། འགན་བཅོལ་ལ་ཞུགས་པ་དང་སྨན་བཅོས་རོགས་སྐྱོབ་ལ་རིགས་དབྱེའི་རོགས་རམ་བྱེད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་བརྒྱུད་མི་སྒེར་གྱི་གྲོན་དངུལ་གཏོང་ཚད་ཡོངས་ཁྱབ་ངང་ལྟ་ཞིབ་ཚད་ལེན་བྱས་ཏེ་ནད་ཕོག་ནས་དབུལ་འགྱུར་དབུལ་ལོག་སྔོན་འགོག་བྱེད་པའི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཐོག སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱི་ཆ་འཕྲིན་མཉམ་སྤྱོད་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་ཡག་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།