ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྨན་བཅོས་འགན་སྲུང་ཅུས་ཀྱིས།
ནུས་ཆེ་དམངས་ཕན་གྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་མ་ལག་བསྐྲུན་པ།
ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཞབས་ཞུ་གཤམ་སྤེལ་དང་། གཏོང་སྤྲོད་བྱེད་སྟངས་གསར་གཏོད། ཐེབས་རྩའི་ལྟ་འདོམས་ཆེར་གཏོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ནུས་ཆེ་དམངས་ཕན་གྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་མ་ལག་བསྐྲུན་ཡོད་པ་རེད།
སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་ཞབས་ཞུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཅན་གྱི་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རིམ་གསུམ་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ཞབས་ཞུའི་མ་ལག་བསྐྲུན་པ་དང་། ཚན་པ་728ཀྱི་ཁོངས་གཏོགས་ས་ཆ་དབྱེ་འབྱེད་བྱས་པ། ལྷ་ས་གྲོང་ཁྱེར་ལ་སྡེ་ཁུལ་ཁག་གི“གྲོང་ཁྱེར་ཡོངས་སུ་ཀུན་སྒྲུབ”ཀྱི་སྨན་བཅོས་འགན་བཅོལ་གྱི་སྒྲུབ་གཉེར་རྩིས་ཐོའི་ཨང་གྲངས་རེ་ཞུ་བྱས་ནས་སྤྲད་པ། ཆེད་དོན་འབྲེལ་མཐུད་ཚོགས་འདུ་དང་སྒྲུབ་གཉེར་གསོ་སྦྱོང་བྱས་ནས་ཞབས་ཞུ་གཤམ་སྤེལ་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།
སྨན་བཅོས་མཇུག་རྩིས་ཁྱབ་ཁོངས་ཐད་ཁྲེང་ཀོན་ཆུས་སྨན་བཅོས་འགན་སྲུང་ཅུས་ཀྱིས“ཚོར་མེད་གཏོང་སྤྲོད”ཀྱི་ཞབས་ཞུ་སྤེལ་སྟངས་གསར་གཏོད་ཀྱིས་མ་དངུལ་སྒོར་ཁྲི་151.7བཏང་ནས་གདོང་བཤེར་མཇུག་རྩིས་སྒྲིག་ཆས་17དང་། དེ་བཞིན་ནད་བརྟག་ཁང་གི་གཏོང་སྤྲོད་མཐའ་སྣེ་24ནང་འདྲེན་བྱས་ནས་དངུལ་ཁང་དང་མཉམ་ལས་བརྒྱུད་མ་དངུལ་འགན་སྲུང་ཐུབ་ཡོད་པ་རེད།
ཐེབས་རྩ་ལྟ་འདོམས་ཐད་ཁྲེང་ཀོན་ཆུས་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཕྱོགས་གསུམ་པའི་སྒྲིག་གཞི་དང་མཉམ་དུ་དམིགས་གཏན་འཁེལ་བའི་སྨན་བཅོས་སྒྲིག་གཞི་ཁག་22ལ་ཕྱོགས་ཡོངས་ཀྱི་ཞིབ་བཤེར་བྱས་ནས་ཚད་འགལ་གྱི་རིན་བསྡུ་དང་བརྗེ་རེས་རྣམ་གྲངས་སོགས་སྒྲིག་འགལ་གནད་དོན་རིགས་6ཤེས་རྟོགས་ཐུབ་སྟེ། སྒྲིག་འགལ་མ་དངུལ་ཚང་མ་དམིགས་གཏན་འཁེལ་བའི་རྩིས་ཐོའི་ནང་འདེད་འཇལ་བྱས་ནས་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་བདེ་འཇགས་ཏན་ཏིག་བསྲུངས་ཡོད་པ་རེད།