ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་བདེ་ཐང་འཚར་ལོངས་ལ་རམ་འདེགས་བྱས་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ། ཁྲེང་ཀོན་ཆུས་དཔལ་སྡིངས་སློབ་ཆུང་དུ“སྐལ་བཟང་མེ་ཏོག་བཞད། ཁེ་དབང་འགན་སྲུང་བྱེད”དང“ཁྱིམ་ཚང་སློབ་གསོ་སློབ་གྲྭར་ཁྱབ་གདལ་གཏོང་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ཁྱིམ་བདག་ལ་ཁྲིད་སྟོན་བྱས་ནས་ཡང་དག་པའི་ཁྱིམ་ཚང་སློབ་གསོའི་ལྟ་བ་སྐྱེད་སྲིང་བྱས་པ་དང་། ཚན་རིག་དང་མཐུན་པར་ཕྲུ་གུ་གསོ་སྐྱོང་བྱེད་པའི་ནུས་པ་དང་ཁྲིམས་ལྟར་དབང་ཆ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་བ་རེད།
བྱེད་སྒོ་སྤེལ་རིང་། ཁྱིམ་ཚང་སློབ་གསོའི་ཆེད་ལས་དགེ་རྒན་གྱིས“སྒྲོག་འགྲེལ་དང་མཉམ་འགུལ་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ་གོ་བདེ་ཤེས་སླའི་སྐད་ཆ་དང་ཕུན་སུམ་ཚོགས་པའི་འཚོ་བའི་དཔེ་མཚོན་ཟུང་འབྲེལ་གྱིས་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་དང་། ཚན་རིག་དང་མཐུན་པར་བུ་ཕྲུག་གསོ་སྐྱོང་བྱེད་སྟངས། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་སོགས་ཀྱི་འགག་རྩའི་ནང་དོན་གསལ་འགྲེལ་ཞིབ་ཚགས་བྱས་ཏེ། ཁྱིམ་བདག་གིས་ན་སོ་དར་ལ་མ་བབས་པའི་མིར་ཁྱིམ་ཚང་སློབ་གསོ་གཏོང་བའི་འགན་གཙོ་བོ་འཁུར་དགོས་པ་གསལ་སྟོན་བྱས་ནས་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་མཉམ་དུ་ཕྲུ་གུའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད།
ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཁྱིམ་ཚང་སློབ་གསོའི“གཤམ་སྤེལ་ལྔའི”བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ། ཁྱིམ་བདག་དེ་བས་མང་བར་ཡང་དག་པའི་ཁྱིམ་ཚང་སློབ་གསོའི་ལྟ་བ་འཛུགས་པར་རོགས་རམ་དང་ཚན་རིག་དང་མཐུན་པའི་གསོ་སྐྱོང་བྱེད་སྟངས་ཁོང་དུ་ཆུད་པར་བྱས་ཏེ་ཁྱིམ་ཚང་ཞི་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།