དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཏང་སྤྱི་ཁྱབ་ཀྲི་པུས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་ཏང་ཡོན་དགེ་རྒན་གྱིས་ཆུ་ཤུར་རྫོང་གནམ་ཤང་བུ་བཅོལ་ཁང་དུ་སློབ་ཚན་འཁྲིད་བཞིན་པ།

    ད་ལོ་ཚུན། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཏང་སྤྱི་ཁྱབ་ཀྲི་པུས“ཏང་རྟགས་ལས་ཐོག་མའི་བསམ་འདུན་མངོན། དང་བླངས་ཞབས་ཞུ་ལས་ལང་ཚོའི་བཀྲག་མདངས་འཚེར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། དེའི་ནང་གྲོང་གསེབ་ཏུ་སློབ་ཚན་འཁྲིད་པ་དང་། ལས་བཟོར་འཚམས་འདྲི་བྱེད་པ། ཁོར་ཡུག་གཙང་མ་བཟོ་བ་སོགས་བྱེད་སྒོ་སྣ་མང་སྤེལ་ནས། གྲོང་གསེབ་ཀྱི་ཕྲུ་གུར་སློབ་གསོའི་ཐོན་ཁུངས་སྤྱོད་ཐུབ་པ་མ་ཟད། དགེ་རྒན་དང་ལས་བཟོར་རྩ་འཛུགས་ཀྱི་ཐུགས་ཁུར་བརྒྱུད་སྤྲོད་ཀྱང་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གིས་ཏང་ཡོན་དགེ་རྒན་ཆུ་ཤུར་རྫོང་གནམ་ཤང་བུ་བཅོལ་ཁང་དུ་སློབ་ཚན་འཁྲིད་རྒྱུར་སྒྲིག་འཛུགས་བྱས་ཤིང་། བྱེད་སྒོ་སྤེལ་རིང་། དགེ་རྒན་གྱིས་བྱིས་པའི་ལོ་ཚོད་ཀྱི་ཁྱད་ཆོས་གཞིར་བཟུང་ཕུན་སུམ་ཚོགས་པའི་སྣ་མང་སློབ་ཚན་ཁྲིད་པ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཏང་སྤྱི་ཁྱབ་ཀྲི་པུས་སློབ་གྲྭའི་དགེ་རྒན་དང་ལས་བཟོའི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ལ་བཞག་ནས། དུས་བཀག་བཞིན་དཀའ་ངལ་ཡོད་པའི་དགེ་རྒན་དང་ལས་བཟོར་འཚམས་འདྲིའི་བྱེད་སྒོ་སྤེལ་བ་བརྒྱུད་དགེ་རྒན་དང་ལས་བཟོར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ཏེ། དགེ་རྒན་དང་ལས་བཟོའི་གཏོགས་སེམས་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མཐུན་སྒྲིལ་མཛའ་བརྩེ་དང་དྲོ་སྐྱིད་ཞི་མཐུན་གྱི་ལས་ཀའི་ཁོར་ཡུག་བཏོད་པ་རེད།

    ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་བཏོན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ཏང་སྤྱི་ཁྱབ་ཀྲི་པུས་དགེ་རྒན་དང་ལས་བཟོ་སྡེ་ཁུལ་དུ་ཁོར་ཡུག་གཙང་སྦྲ་བྱེད་པར་སྐྱོད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད། བྱེད་སྒོ་སྤེལ་རིང་། ཚང་མས་དང་བླངས་པའི་ཁན་སྦྱར་གྱོན་པ་དང་། འཕྱག་མ་སོགས་ཁྱེར་ནས་སྡེ་ཁུལ་གྱི་སྤྱི་པའི་ས་ཁོངས་ཡོངས་གཙང་མ་བཟོས་པས་སྡེ་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།