བོད་ལྗོངས་སློབ་གྲྭ་ཆེན་མོར་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་སློབ་ཚོགས་པའི་དྲུང་ཡིག་ཁྲུའུ་ཡི་ཚོགས་འདུ་འཚོགས་པ།
ཚེས་18ཉིན་གྱི་སྔ་དྲོ་བོད་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་སློབ་ཚོགས་པའི་དྲུང་ཡིག་ཁྲུའུ་ཡི་ཚོགས་འདུ་བོད་ལྗོངས་སློབ་ཆེན་དུ་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཕུགས་ཀྱི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་འཆར་འགོད་འཆར་གཞི་དང་བཀོད་སྒྲིག་དོན་འཁྱོལ་ལམ་སྲོལ་འཛུགས་པ་དང་། དུས་བསྟུན་འཕེལ་རྒྱས་ཀྱིས་རོགས་སྐྲུན་ལས་འགན་གསར་སྒྱུར་བྱེད་པ། གོ་རིམ་དབྱེ་ནས་བོད་ལྗོངས་སློབ་ཆེན་གྱི་རོགས་སྐྲུན་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་བརྟན་པོ་བཏང་སྟེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་དཔེ་མཚོན་གསར་པ་གཏོད་དགོས། རིམ་པ་མཐོ་བའི་ཤེས་ལྡན་པ་སྟབས་བསྟུན་འཁོར་སྐྱོད་བྱེད་པའི་ལམ་སྲོལ་བཙུགས་ནས་སྣེ་འདྲེན་ཤེས་ལྡན་པ་དང་། རིག་ཚན་སྣེ་ཁྲིད་པ། གཞོན་ནུ་ལས་བྱེད་པ་བཅས་བོད་སྐྱོར་ལས་དོན་ནང་ཞུགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་བོད་ལྗོངས་སློབ་ཆེན་དུ་ལས་སྒྲུབ་ལས་གཏོད་དང་བྱས་རྗེས་འཇོག་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་ཞབས་ཞུ་དང་འགན་སྲུང་བྱེད་པར་དམིགས་ནས་ཚན་ཞིབ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་བོད་ལྗོངས་སློབ་ཆེན་གྱིས་ས་མཐོའི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་རིག་ཚན་གྱི་ཞིབ་འཇུག་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་ཤུགས་ཆེན་བྱས་ཏེ་བོད་ལྗོངས་སློབ་ཆེན་འདི་ཉིད་སྔ་ཙམ་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་། རྒྱལ་ནང་དུ་ཤུགས་རྐྱེན་ལྡན་པ། རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི“རྩེ་གྲས་གཉིས”ཀྱི་སློབ་ཆེན་ཞིག་ཏུ་བསྐྲུན་དགོས་ཞེས་ནན་བཤད་བྱས་པ་རེད།