དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • ཚན་རིག་ཁྱབ་གདལ་མཉམ་འགུལ་གྱིས་སློབ་མའི་སྤྲོ་སྣང་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-19

    ཉེ་ཆར། “གསར་གཏོད་འཕེལ་རྒྱས་ཀྱི་འགྱུར་མེད་དམ་བཅའ་བཞག ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་2025ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པར་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོས་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་གཏོང་བའི་ལག་ལེན་བརྒྱུད། ཚན་རིག་དང་གསར་གཏོད་ལ་དགའ་ཞེན་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་དེ། ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་སློབ་གསོ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་སྦྱིན་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་སློབ་མས་འཕྲུལ་ཁྱི་ཞིག་དང་མཉམ་འགུལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།