དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • འདམ་གཞུང་རྫོང་མི་དམངས་ཁྲིམས་ཁང་གནམ་མཚོ་ཤང་མངགས་གཏོང་མི་དམངས་ཁྲིམས་རས།

    “ལད་ཟློས་ཁྲིམས་རའི”ཁྲིམས་སྐྱོང་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་གཏིང་ཟབ་སྤེལ་ནས། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། འདམ་གཞུང་རྫོང་མི་དམངས་ཁྲིམས་ཁང་གནམ་མཚོ་ཤང་མངགས་གཏོང་མི་དམངས་ཁྲིམས་རས་གནམ་མཚོ་ཤང་ལྟེ་བའི་སློབ་ཆུང་གི་དགེ་སློབ་30ལྷག་ཙམ་གདན་དྲངས་ནས“ལད་ཟློས་ཁྲིམས་རའི”བྱེད་སྒོར་ཞུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས་རྐང་བཙུགས་ནས་གནོད་འཚེ་གཏོང་བའི་གྱོད་གཞི་ཞིག་དཔེར་བྱས་ཤིང་། སློབ་མ་ཚོས་འདྲི་གཅོད་དཔོན་དང་། གཞུང་གཏུག་པ། དག་འབུད་པ་སོགས་སོ་སོའི་ཚབ་བྱས་ཏེ་ཁྲིམས་ར་འཚོགས་པ་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱེད་པའི་བར་གྱི་ཁྲིམས་སའི་འདྲི་གཅོད་བརྒྱུད་རིམ་ཆ་ཚང་ལད་ཟློས་བྱས་པ་རེད། བྱེད་སྒོའི་རིང་། “འདྲི་གཅོད་དཔོན”གྱི་བརྗིད་ཉམས་ལྡན་པའི་རྣམ་འགྱུར་དང་། “གཞུང་གཏུག་པའི”དོན་དྲང་ཚིག་ནན། “ཞུ་སྦྱོར་ཕྱི་མའི”ལྷག་བསམ་དག་པའི་འགྱོད་བཤགས་བཅས་ལས་ཁྲིམས་རའི་ལྷུ་ཚིགས་ཁག་གཟབ་ནན་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།

    “ཁྲིམས་སའི་འདྲི་ཞིབ”མཇུག་འགྲིལ་རྗེས་ཁྲིམས་དཔོན་གྱིས་སློབ་མ་ཚོར་དཔྱད་བརྗོད་ལ་སྐུལ་ལྕག་བྱས་པས་ས་ཡུལ་དངོས་སུ་མཉམ་འགུལ་འཁྲུག་པོ་བྱུང་ཡོད། དེ་དང་ཆབས་ཅིག་སློབ་མ་ཚོར《ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》སོགས་དྲིལ་བསྒྲགས་དཔྱད་ཡིག་100ལྷག་ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།