དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་33པ་དང་དགེ་རྒན་ལས་བཟོའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ཚེས་14ཉིན་གྱི་སྔ་དྲོར། བོད་ལྗོངས་སློབ་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་33པ་དང་དགེ་རྒན་ལས་བཟོའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་རྔ་ཆེན་སློབ་ཁུལ་དུ་འགོ་ཚུགས་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་སུན་ཤན་ཀྲུང་འགོ་ཚུགས་མཛད་སྒོར་ཕེབས་ནས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཡོད།

    བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཚོས། མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་33པ་དེ་བདེ་འཇགས་དང་། ཡ་རབས། ཞི་མཐུན། སྤྲོ་སེམས། ངོ་མཚར་བཅས་ཀྱིས་ཕྱུག་པའི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་ལ་འགྱུར་བ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།